《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年01月24日

ཀན་སུའུ་ཀྲང་ཡེའི་འདམ་རའི་སྤྱི་གླིང་དུ་ངང་དཀར་རྩེད་འཇོར་རོལ་བ།

ཉེ་ཆར་ཀན་སུའུ་ཞིང་ཆེན་ཀྲང་ཡེ་གྲོང་ཁྱེར་གྱི་རྒྱལ་ཁབ་འདམ་རའི་སྤྱི་གླིང་དུ་དགུན་སྒྲོལ་དུ་ཡོང་བའི་ངང་དཀར་ཁྱུ་གཅིག་ངལ་གསོ་བ་དང་ལྟོ་ཆས་འཚོལ་བཞིན་ལྡེམ་ལ་འཁྱུག་པའི་གཟུགས་བརྙན་གྱིས་འདམ་རར་སྐྱེ་སྟོབས་ཀྱི་དཔལ་འབར་བར་བྱས། འདི་ནི་ཟླ་1ཚེས་22ཉིན། ཀན་སུའུ་ཞིང་ཆེན་ཀྲང་ཡེ་གྲོང་ཁྱེར་གྱི་རྒྱལ་ཁབ་འདམ་རའི་སྤྱི་གླིང་དུ་ངང་དཀར་རྩེད་འཇོར་རོལ་བཞིན་པ།