《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年01月23日

སྐོར་གཡེང་ཡན་ལག་རུ་ཁག་གིས་གངས་ཁྲོད་དུ་མཐའ་མཚམས་ཀྱི་འཐབ་ས་དང་པོར་སྐོར་གཡེང་བྱས་པ།

ཤིན་ཅང་ཐཱ་ཁྲེང་ཡན་ལག་དམག་ཁུལ་གྱི་མཐའ་སྲུང་ཐོན་ཤོག་ཅིག་གིས་དམག་ཉེན་དམངས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ། བཅའ་སྡོད་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་དང་མཐའ་སྲུང་བ་དང་མཉམ་འབྲེལ་སྐོར་གཡེང་ཡན་ལག་རུ་ཁག་བཙུགས་ནས། གངས་ཤུད་ཐེར་གེ་བཏང་བ་དང་རྟ་བཞོན་ནས། མཐའ་མཚམས་ཀྱི་འཐབ་ས་དང་པོའི་རི་ལམ་དང་མི་མེད་ཁུལ་སོགས་སུ་སྐོར་གཡེང་བྱས་ཏེ་མཐའ་མཚམས་ཁོངས་གཏོགས་ཁུལ་གྱི་བདེ་འཇགས་བརྟན་ལྷིང་འགན་ལེན་བྱས་ཤིང་། འདི་ནི་ཟླ་1ཚེས་21ཉིན། མཉམ་འབྲེལ་སྐོར་གཡེང་ཡན་ལག་རུ་ཁག་གིས་གངས་་ཁྲོད་དུ་སྐོར་གཡེང་བྱེད་བཞིན་པ།