《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年01月19日

བོད་ལྗོངས་ལྷ་རྩེ་རྫོང་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་རིན་མི་དགོས་པར་བདེ་འཇགས་རྨོག་ཞྭ་དང་འོད་ལྡོག་འཕྲོའི་བཀྲག་ཤོག་སྤྲད་པ།

འདི་ནི་འགྲིམ་འགྲུལ་ཉེན་རྟོག་པས་གློག་སྒུལ་སྦག་སྦག་ལ་འོད་ལྡོག་འཕྲོའི་བཀྲག་ཤོག་སྦྱར་བཞིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། བོད་ལྗོངས་ལྷ་རྩེ་རྫོང་སྤྱི་བདེ་ཅུས་ཀྱིས“འགྲིམ་འགྲུལ་བདེ་འཇགས་ཀྱི་ཉེན་ཁ་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད”དང“སློབ་མའི་འགྲིམ་འགྲུལ་བདེ་འཇགས་ལོ་གསུམ་རིང་མཐོ་རུ་གཏོང་བའི་བྱ་སྤྱོད”ཀྱི་ལས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། མ་དངུལ་སྒོར་41000བཏང་ནས་འོད་ལྡོག་འཕྲོའི་བཀྲག་ཤོག་8000ཉོས་ཏེ་ལམ་ངོས་སུ་ཞིབ་བཤེར་བྱེད་སྐབས་ལག་ཁྱེར་གཉིས་ལྡན་ཡང་བདེ་འཇགས་རྨོག་ཞྭ་གྱོན་མེད་མཁན་ལ་རིན་མི་དགོས་པར་རྨོག་ཞྭ་སྤྲད་པ་མ་ཟད། འགྲོ་འོང་བྱེད་མཁན་གློག་སྒུལ་སྦག་སྦག་དང་ཞིང་སྤྱོད་འཕྲུལ་འཁོར་ལ་འོད་ལྡོག་འཕྲོའི་བཀྲག་ཤོག་རིན་མེད་ངང་སྦྱར་ཡོད།

བྱེད་སྒོ་སྤེལ་རིང་། ཉེན་རྟོག་པ་མི་ཐེངས་260དང་ཉེན་རྟོག་རླངས་འཁོར་ཐེངས་97བཏང་བ་དང་། འཕྲུལ་འཁོར་1900ལྷག་ཙམ་ལ་རིན་མེད་ངང་འོད་ལྡོག་འཕྲོའི་བཀྲག་ཤོག་སྦྱར་བ། མི་560ལ་རྒྱལ་དར་གྱི་འོད་ལྡོག་འཕྲོའི་བཀྲག་ཤོག་སྦྱར་བ། བདེ་འཇགས་རྨོག་ཞྭ་230རིན་མེད་ངང་སྤྲད་ཡོད།