《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年01月19日

ཧོ་པེ་ཐང་ཧྲན་དུ་ཀོ་བརྙན་ བལྟས་ནས་གུང་གསེང་དགའ་གཏོང་བྱེད།

→ དགུན་ཁའི་གུང་གསེང་རིང་། ཧོ་པེ་ཞིང་ཆེན་ཐང་ཧྲན་གྲོང་ཁྱེར་ཧྥང་རུན་ཆུས་ཞི་བདེ་ལམ་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡིས“ཀོ་བརྙན་བལྟས་ནས་གུང་གསེང་དགའ་གཏོང་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ནས་ཀོ་བརྙན་སྒྱུ་རྩལ་པ་འབོད་དེ་ཀོ་བརྙན་གྱི་ཟློས་གར་འཁྲབ་ནས་གྲོགས་པོ་ཆུང་ཆུང་ཚོས་མངོན་མིན་རིག་གནས་ཤུལ་བཞག་ཀོ་བརྙན་གྱི་ཉམས་འགྱུར་ཚོར་བ་བྱས་པ་མ་ཟད། དགུན་ཁའི་གུང་གསེང་དགའ་གཏོང་ཐུབ་པའང་བྱས་ཡོད། འདི་ནི་2025ལོའི་ཟླ་1ཚེས་16ཉིན། ཧོ་པེ་ཞིང་ཆེན་ཐང་ཧྲན་གྲོང་ཁྱེར་ཧྥང་རུན་ཆུས་ཞི་བདེ་ལམ་ཁྲོམ་གཞུང་ཅིན་ཞང་སྡེ་ཁུལ་དུ་ཀོ་བརྙན་སྒྱུ་རྩལ་པས་གྲོགས་པོ་ཆུང་ཆུང་ཚོར་ཀོ་བརྙན་ཟློས་གར་སློབ་བཞིན་པ།