ཕྱི་རྒྱལ་གྱི་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ལས་སྟེགས་སུ་ཧྥེན་སི་ཁྲི་50ལྷག་ཙམ་ཡོད་པའི་སི་ཕེན་གྱི་དཔོད་བདག་ཨན་ཏུང་མི་རིང་བའི་གོང་ཀྲེ་ཅང་ཞིང་ཆེན་ཅ་ཤིང་གྲོང་ཁྱེར་དུ་ཡོང་བ་དང་། དེ་གའི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་རྣམ་པས་ཁོང་ལ་བག་ཆགས་ཟབ་མོ་བཞག་ཡོད། ལྗང་མདོག་ཚན་རྩལ་གྱིས་ཞིང་ལས་ལ“ནུས་པ་སྦྱིན་པ”དང་། ཞིང་པ་གསར་པ་མི་ཉུང་བ་ཞིག་གྲོང་གསེབ་ཏུ་ལས་གཏོད་བྱེད་པར་སྐྱོད་པ། སྤྱི་པའི་འགྲིམ་འགྲུལ་ཕྱོགས་གང་སར་ཁྱབ་པ། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཕྱིན་པ་བཅས་ལས་མི་རྣམས་ཀྱི་ངོ་གདོང་ནས་བདེ་སྐྱིད་ཀྱི་འཛུམ་མདངས་འཕྱུར་བཞིན་ཡོད་པ་རེད།