《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年01月16日

གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོའི་མཛའ་གྲོགས་ཚོགས་ཆུང་དང་མཉམ་འབྲེལ་རྒྱལ་ཚོགས་ཁོངས་གཏོགས་ཀྱི་གྲོས་འགོའི་སྐུལ་སྤེལ་ལས་དོན་ཚོགས་ཆུང་གིས་སྲིད་ཇུས་ཀྱི་གླེང་མོལ་ཚོགས་འདུ་ཐེངས་དང་པོ་འཚོགས་པ།

ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོའི་མཛའ་གྲོགས་ཚོགས་ཆུང་དང་མཉམ་འབྲེལ་རྒྱལ་ཚོགས་ཁོངས་གཏོགས་གྲོས་འགོའི་སྐུལ་སྤེལ་ལས་དོན་ཚོགས་ཆུང་གི་སྲིད་ཇུས་གླེང་མོལ་ཚོགས་འདུ་ཐེངས་དང་པོ་ཉིའུ་གཡོད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་འཚོགས་པ་རེད། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་སྐུ་ཚབ་གཞོན་པ་ཀེང་ཧྲོང་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་རོགས་དྲུང་ཆེ་ཧ་ཉི་ཧྥུའུ་ཚོགས་འདུར་ཞུགས་ནས་ཤིས་ཚིག་བསྒྲོན་པ་རེད། རྒྱལ་ཁབ་40ལྷག་ཙམ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞི་20ཙམ་གྱི་སྐུ་ཚབ་བསྡོམས་མི་100ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།

ཀེང་ཧྲོང་གིས། ལོ་གསུམ་ལྷག་ཙམ་རིང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོ་དེ་ཀྲུང་གོའི་འདོད་ཚུལ་ནས་རྒྱལ་སྤྱིའི་ཐུན་མོང་ངོས་འཛིན་བར་དང་། མཉམ་ལས་འདུ་ཤེས་ནས་ཐུན་མོང་བྱ་སྤྱོད་བར་གྱུར་ཏེ། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མང་པོར་ཕན་པ་ཐོབ་ཡོད། གོ་ལ་ཧྲིལ་པོའི་འཕེལ་རྒྱས་གྲོས་འགོའི་མཛའ་གྲོགས་ཚོགས་ཆུང་དང་མཉམ་འབྲེལ་རྒྱལ་ཚོགས་ཁོངས་གཏོགས་ཀྱི་གྲོས་འགོའི་སྐུལ་སྤེལ་ལས་དོན་ཚོགས་ཆུང་གིས་ལག་གདང་སྦྲེལ་ནས་འབད་བརྩོན་བྱས་ཏེ། ཕྱོགས་མང་རིང་ལུགས་ལ་གཡོ་འགུལ་མི་ཐེབས་པ་མཐའ་འཁྱོངས་དང་། འཕེལ་རྒྱས་ཀྱི་གྲོས་རིམ་ལ་དམིགས་ཏེ་ལྷོད་གཡེང་མི་གཏོང་བ། རོགས་ཟླའི་འབྲེལ་བར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། 2030ལོའི་གྲོས་རིམ་དོན་འཁྱོལ་ཡོང་བར་ལེགས་སྐྱེས་དེ་བས་ཆེ་བ་འབུལ་ཐུབ་པའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད།