《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年01月16日

ལྷོ་སྣེར་སྐྱོད་པ།

འདི་ནི་ཉེ་ཆར་ལྷོ་སྣེར་ཡུལ་སྐོར་ལ་སླེབས་པའི་ཡུལ་སྐོར་བས་ནན་ཧྲེ་ཏེ་ལན་གླིང་ཚོམ་དུ་ཡུལ་སྐོར་བྱེད་བཞིན་པ།

འདི་ནི་ཡུལ་སྐོར་བས་གྲུ་གཟིངས་ནས་ལྷོ་སྣེའི་འཁྱགས་རོམ་ལ་ལྟ་བཞིན་པ།

ལོ་ལྟར་གྱི་ཟླ་10པ་ནས་སང་ལོའི་ཟླ་3པའི་བར། ལྷོ་སྣེར་ཡུལ་སྐོར་དང་རྟོག་ཞིབ་ཏུ་འགྲོ་མཁན་མང་པོ་ཡོད། ཉེ་བའི་ལོ་ཤས་རིང་། ལྷོ་སྣེའི་ཡུལ་སྐོར་ལ་རིམ་བཞིན་ཚ་རླབས་ཤིག་འཕྱུར་བཞིན་ཡོད། རྒྱལ་སྤྱིའི་ལྷོ་སྣེའི་ཡུལ་སྐོར་གཉེར་སྐྱོང་བའི་མཐུན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་གསར་ཤོས་ལ་གཞིགས་ན། 2023ལོ་ནས་2024ལོའི་བར། ཡུལ་སྐོར་བ་མང་བའི་ནམ་དུས་སུ་གོ་ལ་ཡོངས་ནས་ལྷོ་སྣེར་ཡུལ་སྐོར་དུ་ཡོང་མཁན་མི་ཐེངས་ཁྲི་12ལྷག་ཙམ་ཟིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་མཐོ་ཤོས་བཏོད་ཡོད་པ་དང་། དེའི་ནང་། ཀྲུང་གོའི་ཡུལ་སྐོར་བའི་མི་གྲངས་ཨང་གསུམ་པར་སླེབས་ཀྱི་ཡོད། 1984ལོའི་ཟླ་11པར། ཀྲུང་གོས་ལྷོ་སྣེར་ཚན་རིག་རྟོག་ཞིབ་རུ་ཁག་ཐོག་མར་མངགས་པ་ནས་བརྩིས་ན། 2024ལོ་ནི་ཀྲུང་གོས་གླིང་སྣེར་རྟོག་ཞིབ་བྱས་ནས་ལོ་40འཁོར་བའི་ལོ་ཞིག་ཡིན་པས། ཀྲུང་གོའི་ཡུལ་སྐོར་བ་མང་པོས་མཚམས་དེར་ལྷོ་སྣེར་ཡུལ་སྐོར་ལ་འགྲོ་བའི་གདམ་ག་བྱས་ཡོད།