《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年01月16日

ཕྱི་འབྲེལ་པུས་བསྟན་དོན།

ཀྲུང་གོ་དང་དབྱིན་ཇིའི་དཔལ་འབྱོར་དང་ནོར་སྲིད་དངུལ་རྩའི་སྐོར་གྱི་གླེང་མོལ་ཐེངས་བཅུ་གཅིག་པར་གྲུབ་འབྲས་ཁག་69ཐོབ་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་13ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀུའོ་ཅ་ཁུན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག ཚེས་11ཉིན་པེ་ཅིང་དུ་འཚོགས་པའི་ཀྲུང་གོ་དང་དབྱིན་ཇིའི་དཔལ་འབྱོར་དང་། ནོར་སྲིད། དངུལ་རྩ་བཅས་སྐོར་གྱི་གླེང་མོལ་ཐེངས་བཅུ་གཅིག་པའི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་ཤིང་། ཁོང་གིས། ཀྲུང་གོ་དང་དབྱིན་ཇི་ཕྱོགས་གཉིས་དབར་གཉིས་ཁེ་གཉིས་ཕན་གྱི་གྲུབ་འབྲས་ཁག་69ཐོབ་ཡོད་ཅེས་བརྗོད།

ཀུའོ་ཅ་ཁུན་གྱིས། ཀྲུང་གོ་དང་དབྱིན་ཇིའི་དཔལ་འབྱོར་དང་། ནོར་སྲིད། དངུལ་རྩ་བཅས་སྐོར་གྱི་གླེང་མོལ་ཐེངས་བཅུ་གཅིག་པའི་ནང་། ཕྱོགས་གཉིས་པོས་ཕྱོགས་མང་རིང་ལུགས་དང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་གྱི་ཐུན་མོང་གི་འདོད་བློ་མཐའ་འཁྱོངས་ཀྱིས་འཛམ་གླིང་ཚོང་དོན་རྩ་འཛུགས་ལྟེ་བར་བྱེད་པ་དང་། སྒྲིག་སྲོལ་རྨང་གཞིར་བྱེད་པའི་ཕྱོགས་མང་ཉོ་ཚོང་མ་ལག་སྲུང་སྐྱོང་ལ་གཞོལ་ནས། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་རྒྱུ་ཡིན་ལུགས་བརྗོད་པ་དང་། ཕྱོགས་གཉིས་པོས་ཀྲུང་གོ་དང་དབྱིན་ཇིའི་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་པོའི་འཕེལ་རྒྱས་ལ་ཕན་པ་ཐོབ་ཡོད་པས། གོ་ལ་ཧྲིལ་པོའི་ཐོན་སྐྱེད་དང་མཁོ་སྤྲོད་འཁོར་སྦྲེལ་བདེ་འཇགས་བརྟན་ལྷིང་དང་ཤར་གཏོང་ཐུབ་པར་མཉམ་དུ་སྲུང་སྐྱོང་དང་། “འབྲེལ་བ་གཙང་གཅོད”ལ་ངོ་རྒོལ། ཕྱོགས་གཉིས་པོའི་མ་འཇོག་གི་འགོག་རྐྱེན་ཉུང་དུ་གཏོང་བར་མོས་མཐུན་བཅས་བྱས་ནས། མཐོང་ཆུང་མི་བྱེད་པ་དང་སྒོ་དབྱེའི་ཚོང་གཉེར་ཁོར་ཡུག་ལ་སྐུལ་འདེད་གཏོང་གི་ཡིན་ཞེས་བརྗོད་པ་རེད། ཕྱོགས་གཉིས་པོས་ཐོན་ལས་དང་། ཞིང་ལས། ནུས་རྒྱུའི་མཉམ་ལས་སོགས་ལ་དམིགས་ནས། ཐུན་མོང་གི་ངོས་འཛིན་མང་པོ་གཅིག་མཐུན་བྱུང་བ་དང་། སྐབས་གསར་པའི་ཀྲུང་གོ་དང་དབྱིན་ཇིའི་དཔལ་འབྱོར་ཚོང་དོན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་དང་། ཚན་རྩལ་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་། ཐོན་ལས་མཉམ་ལས་གླེང་མོལ་བཅས་ཀྱི་ཚོགས་འདུ་འཚོགས་ནས། ཀྲུང་གོ་དང་དབྱིན་ཇིའི་དེང་རབས་ཐོན་ལས་མཉམ་ལས་རོགས་ཟླའི་འབྲེལ་བ་ཟབ་ཏུ་གཏོང་བ་དང་འབྲེལ། གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་མོས་མཐུན་བྱས་པ། ཕྱོགས་གཉིས་པོས་དངུལ་རྩ་ནི་ཀྲུང་གོ་དང་དབྱིན་ཇིའི་མཉམ་ལས་ཀྱི་བཀྲག་མདངས་འཚེར་ས་ཞིག་ཡིན་པའི་ངོས་ནས། དངུལ་རྩའི་སྲིད་ཇུས་དང་དངུལ་རྩའི་ལྟ་འདོམས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་འབྲེལ། དངུལ་རྩའི་ཁྲོམ་ར་ཕྱོགས་གཉིས་ལ་སྒོ་མོ་འབྱེད་པ་དང་མཉམ་སྦྲེལ་མཉམ་མཐུད་ཐད་དངོས་སྒྲུབ་ཀྱི་གྲུབ་འབྲས་མང་པོ་ཐོབ་པའི་རེ་བ་ཡོད་ཅེས་བརྗོད།

ཀུའོ་ཅ་ཁུན་གྱིས། “ད་ཐེངས་ཀྱི་གླེང་མོལ་གྱི་གྲུབ་འབྲས་ཐོག་ནས་ཀྲུང་གོ་དང་དབྱིན་ཇིའི་དཔལ་འབྱོར་དང་། ནོར་སྲིད། དངུལ་རྩ་བཅས་ཀྱི་མཉམ་ལས་ཀྱི་རྒྱ་ཆེ་ཚད་དང་གཏིང་ཟབ་ཚད་མཚོན་པ་མ་ཟད། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དང་ཕྱོགས་མང་རིང་ལུགས་འཕེལ་རྒྱས་འགྲོ་བའི་འཕེལ་ཕྱོགས་ཆེན་པོ་དང་བསྟུན་པས། རྒྱལ་ཁབ་གཉིས་དང་འཛམ་གླིང་ལ་ཕན་ཐོགས་ཡོད”ཅེས་བརྗོད་པ་དང་། ཁོང་གིས། ཀྲུང་གོ་ཕྱོགས་ཀྱིས་དབྱིན་ཇི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པས་བཞག་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་སྣེ་ཁྲིད་དུ་བྱས་ཏེ། ད་ཐེངས་ཀྱི་གླེང་མོལ་གྲུབ་འབྲས་དོན་འཁྱོལ་ཡག་པོ་དང་ཕྱོགས་གཉིས་པོའི་དངོས་སྒྲུབ་མཉམ་ལས་ལ་འཕེལ་རྒྱས་དེ་བས་ཆེ་བ་ཐོབ་པར་སྐུལ་འདེད་བཏང་སྟེ། ཀྲུང་གོ་དང་དབྱིན་ཇིའི་འབྲེལ་བར་སྒུལ་ཤུགས་གསར་པ་སྣོན་པ་དང་། འཛམ་གླིང་གི་དཔལ་འབྱོར་འཕར་བར་བཀྲག་མདངས་གསར་པ་སྣོན་འདོད་ཡོད་ཅེས་བརྗོད།