2025ལོའི་དཔྱིད་གསར་སྐྱེལ་འདྲེན་སྐབས་སུ་སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་སྒྲོལ་བའི་མི་སྣ་འགྲོ་སྐྱོད་བྱེད་ཚད་ཀྱིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་རྒྱུའི་རེ་བ་ཡོད་པ་དང་། སྔོན་དཔག་བྱས་ན། མི་ཐེངས་དུང་ཕྱུར་90ཟིན་རྒྱུ་ཡིན་པ་རེད། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་འགྲིམ་འགྲུལ་སྒྲིག་ཆས་དང་སྒྲིག་བཀོད་ཞིབ་བཤེར་བདག་སྐྱོང་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་བསྒྲུབས་ནས་འགྲུལ་པའི་འགྲོ་སྐྱོད་བདེ་འཇགས་ཡོང་བའི་འགན་ལེན་བྱས་ཡོད། ཉིན་ཤས་བསྟུད་མར། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་པེ་ཧའེ་མཚོ་ཐོག་སྐྱེལ་འདྲེན་འགན་ལེན་ལྟེ་གནས་གཡན་ཐའེ་གྲུ་ལམ་གསལ་རྟགས་ཁྲུའུ་ཡིས་དཔུང་ཁག་མང་པོ་བཏང་ནས་ཕྱོགས་སྟོན་སྒྲིག་ཆས་ལ་ཞིབ་བཤེར་བྱས་ཏེ་མཚོ་ཐོག་གི་དཔྱིད་གསར་སྐྱེལ་འདྲེན་བདེ་འཇགས་འགན་ལེན་བྱས་ཡོད།