རྔ་ཆེན་ཁང་པ་ནི་ཏུང་རིགས་གྲོང་ཚོར་དོན་ཆེན་འཕྲད་སྐབས་ཀྱི་གྲོས་ཚོགས་ཁང་ཞིག་ཡིན་ལ། མི་རྣམས་ཀྱི་རོལ་རྩེད་སྤྲོ་གསེང་དང་དུས་ཆེན་ལ་འདུ་འཛོམས་བྱེད་སའི་རིག་གནས་ཁང་ཞིག་ཀྱང་ཡིན། དེའི་བཟོ་བཀོད་ལེགས་པ་དང་། བཟོ་དབྱིབས་མཛེས་པ། སྤུས་ལེགས་ཀྱི་ཐང་ཤིང་སྤྱད་ནས་སྦྲེལ་མཐུད་བྱས་པ་ལས་བྱུང་བ་ཞིག་ཡིན་པས་དེ་ལོ་ངོ་བརྒྱ་ཕྲག་ཁ་ཤས་རིང་མི་ཉམས་པར་གནས་ཡོད། དེའི་ཤིང་གི་གྲུབ་ཆའི་བཟོ་སྐྲུན་ལག་རྩལ་ནི་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཅིག་ཡིན་པ་རེད། འདི་ནི་ཟླ་1ཚེས་12ཉིན་ཧུའུ་ནན་ཞིང་ཆེན་ཧོའེ་ཧྭ་གྲོང་ཁྱེར་ཐུང་ཏའོ་ཏུང་རིགས་རང་སྐྱོང་རྫོང་ཧྲོང་ཅང་གྲོང་རྡལ་ཁྲང་ཨན་པའོ་གྲོང་ཚོར་བཟོ་པས་རྔ་ཆེན་ཁང་པ་སྐྲུན་བཞིན་པ།