པར་①ནི། 2024ལོའི་ཟླ་10ཚེས་22ཉིན། “རྒྱུད་གཅིག་ལམ་གཅིག”གི་གཞོན་ནུའི་མཛའ་མཐུན་སྤེལ་རེས་རྣམ་གྲངས“ཕྱི་རྒྱལ་སྨྱན་སྦྱོར་གྱིས་ཆིང་ཁྲེང་ལ་ལྟ་བ”ཞེས་པའི་སྨྱན་སྦྱོར་གྱི་གསར་འགོད་པ་ནང་སོག་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་ཏ་ཧྲེང་ཁུའེ་རྟེན་མཛོད་ཁང་ཚོམ་བུར་བསྐྱོད་ནས་ཀྲུང་གོའི་སྲོལ་རྒྱུན་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱངས་ཤིང་། འདི་ནི་ཕྱི་རྒྱལ་གྱི་གསར་འགོད་པས་རང་ཉིད་ལ་རག་པའི་ལག་རྟགས་ཡིག་གཟུགས་བརྩམས་ཆོས་སྟོན་བཞིན་པ།
པར་②ནི། 2024ལོའི་ཟླ་8ཚེས་31ཉིན། ཨ་རབ་རྒྱལ་ཁབ་ཀྱི་གཙོ་རྒྱུན་སྨྱན་སྦྱོར་རྟོག་ཞིབ་ཚོགས་པའི་ཁོངས་མིས(གཡོན)ཤིན་ཅང་ཁ་ཧྲི་ས་ཁུལ་ཧྲུའུ་ཧྥུའུ་རྫོང་གི“ཀྲུང་གོའི་ཤིན་ཅང་གི་མི་རིགས་རོལ་ཆ་གྲོང་ཚོར”ལྟ་སྐོར་བྱེད་བཞིན་པ།
པར་③ནི། 2024ལོའི་ཟླ་5ཚེས་24ཉིན། ཀྲུང་རི་ཧན་རྒྱལ་ཁབ་ཀྱི་Zལོ་རབས་ཀྱི་སྨྱན་སྦྱོར་གྱི་འཚམས་འདྲི་སློབ་སྦྱོང་སྒར་ས་དང་བཅས་པས་པེ་ཅིང་རྒྱལ་སའི་ལྕགས་དང་ངར་ལྕགས་ཚོགས་པའི་སྒོར་དབྱིབས་ཁྲོ་ཐབ་དང་པོའི་SoRealཚན་འཕྲུལ་དགའ་ཚལ་དུ་ལྟ་སྐོར་བྱས་ནས། 5Gདང་རྟོག་བཟོའི་དངོས་ཡོད་སོགས་ཚན་རྩལ་སྤྱད་དེ་བཟོ་ལས་གནའ་ཤུལ་ལ་གསོན་ཤུགས་གསར་པ་ཇི་ལྟར་རྒྱས་ཐབས་ཤེས་རྟོགས་བྱས་པ་རེད། འདི་ནི་འཚམས་འདྲི་སློབ་སྦྱོང་སྒར་སའི་ཁོངས་མི་དང་ལས་དོན་པ་དྲན་རྟེན་པར་རྒྱག་བཞིན་པ།
པར་④ནི། 2024ལོའི་ཟླ་8ཚེས་28ཉིན། 2024ལོའི“རྒྱུད་གཅིག་ལམ་གཅིག”སྨྱན་སྦྱོར་མཉམ་ལས་གླེང་སྟེགས་ཀྱི་འགོ་ཚུགས་མཛད་སྒོ་འཚོག་ཡུལ་ཡིན་པ།
པར་⑤ནི། 2024ལོའི་ཟླ་8ཚེས་28ཉིན། 2024ལོའི“རྒྱུད་གཅིག་ལམ་གཅིག”སྨྱན་སྦྱོར་མཉམ་ལས་གླེང་སྟེགས་ཀྱི་སྨྱན་སྦྱོར་མཉམ་ལས་གླེང་མོལ་ཚོགས་འདུའི་རིང་ཚོགས་ཞུགས་སྐུ་མགྲོན་གྱིས་ས་གནས་ས་ཐོག་ཏུ་སྤེལ་རེས་བྱེད་བཞིན་པ།