《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年01月12日

2025ལོའི་རྒྱལ་ཡོངས་སློབ་གསོའི་ལས་དོན་ཚོགས་འདུ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་1ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན། 2025ལོའི་རྒྱལ་ཡོངས་སློབ་གསོའི་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཚོགས་འདུའི་ཐོག་ལས་དོན་ལ་ཕྱོགས་སྡོམ་དང་དུས་བབ་ལ་དབྱེ་ཞིབ་བྱས་ནས་ལོ་འཁོར་གྱི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་ཏེ། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་འགོ་ཚུགས་ས་མཐོན་པོ་བཀོད་སྒྲིག་དང་སྤུས་ཚད་མཐོ་བའི་སྐུལ་འདེད་ལ་འགན་ལེན་བྱས་ཡོད། ཀྲུང་དབྱང་སློབ་གསོའི་ལས་དོན་འགོ་ཁྲིད་ཚོགས་ཆུང་དྲུང་ཡིག་ཚོགས་ཆུང་གི་ཙུའུ་ཀྲང་དང་། སློབ་གསོ་པུའི་ཏང་ཙུའི་ཧྲུའུ་ཅི་དང་པུའུ་ཀྲང་ཧོའེ་ཅིན་ཕུང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་བ་རེད།

ཚོགས་འདུའི་ཐོག་བསྟན་དོན། འདས་མ་ཐག་པའི་2024ལོར་སློབ་གསོའི་ཁོངས་གཏོགས་ཀྱིས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་འཆར་འགོད་རྩ་གནད་ཇུས་འགོད་ལག་བསྟར་གྱི་གཙོ་རྐང་ལ་དམིགས་ནས། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་གོང་འོག་མཉམ་འགུལ་དང་གནད་དོན་གཅིག་ལ་གོ་བ་གཅིག་མཚུངས་ལེན་པའི་གསོན་ཉམས་དོད་པའི་རྣམ་པ་ཆགས་པར་སྐུལ་འདེད་བཏང་བས། སློབ་གསོའི་བྱ་གཞག་ལ་ཡར་རྒྱས་གསར་པ་བྱུང་བ་དང་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། འགོ་འཛུགས་ས་གསར་པ་ནས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པ་དེ་སྔོན་གྲབས་ཚད་བརྒལ་དང་ཕྱོགས་ཡོངས་ནས་འཕར་བའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད།

ཚོགས་འདུའི་ཐོག་བསྟན་དོན། 2025ལོ་ནི་རྒྱལ་ཡོངས་སློབ་གསོའི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དང་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་འཆར་འགོད་རྩ་གནད་དོན་འཁྱོལ་བྱེད་པའི་འགག་རྩའི་ལོ་ཞིག་དང་། “ལོ་ལྔ་ཚན་བཅུ་བཞི་པ”མཇུག་འགྲིལ་བ་དང“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ལོ་ཞིག་ཀྱང་ཡིན་ལ། ལོ་བཅུའི་ནང་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་སྐྲུན་ཐུབ་པར་ཕྱོགས་ཡོངས་ནས་བཀོད་སྒྲིག་དང་མཐོ་ས་ནས་སྐུལ་འདེད་གཏོང་བའི་ལོ་ཞིག་ཀྱང་རེད། ལོ་ཧྲིལ་པོའི་ལས་ཀའི་གཙོ་གནད་འབུར་དུ་ཐོན་པར་དམ་འཛིན་ཡག་པོ་བྱས་ཏེ། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་བྱེད་པའི་འགོ་ཚུགས་ས་མཐོན་པོ་བཀོད་སྒྲིག་དང་སྤུས་ཚད་མཐོ་བའི་སྐུལ་འདེད་ལ་སྐུལ་མ་གཏོང་དགོས།

(རིག་རྡོར་དང་བུ་ཁྲིད་ཀྱིས་སྒྱུར་ཞུས་བྱས)