《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年01月11日

ས་གནས་ཁག་གིས་སྨན་བཅོས་འགན་བཅོལ་གྱི་དམིགས་བཙུགས་སྨན་ཁང་གི་སྨན་རྫས་ཀྱི་རིན་གོང་བསྡུར་བའི་བྱ་རིམ་ཆུང་ངུ་སྔ་རྗེས་སུ་བཏོན་པ།

ལག་ཐོགས་ཁ་པར་ནས་སྨན་རྫས་ཀྱི་རིན་གོང་ལྟ་ཐུབ་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ནས་ཤེས་རྟོགས་བྱས་པར། 2024ལོའི་ཟླ་7པ་ནས་བཟུང་། པེ་ཅིང་དང་། ཐེན་ཅིན། ཧོ་པེ། ཧྲན་ཤིས་སོགས་ཞིང་ཆེན་29དང་། དེ་བཞིན་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་གྱིས་སྨན་བཅོས་འགན་བཅོལ་གྱི་དམིགས་བཙུགས་སྨན་ཁང་གི་སྨན་རྫས་ཀྱི་རིན་གོང་བསྡུར་བའི་བྱ་རིམ་ཆུང་ངུ་སྔ་རྗེས་སུ་བཏོན་པ་རེད།

མང་ཚོགས་ཀྱིས་ས་གནས་དེ་གའི་སྨན་བཅོས་འགན་སྲུང་ཅུས་ཀྱི་APPདང་། སྐད་འཕྲིན་གྱི་བྱ་རིམ་ཆུང་ངུ་། སྐད་འཕྲིན་སྤྱི་རྟགས། གཏོང་སྤྲོད་འབོའི་བྱ་རིམ་ཆུང་ངུ་སོགས་ནས་སྨན་རྫས་ཀྱི་རིན་གོང་བསྡུར་བ་བྱེད་ཆོག་ལ། ལག་ཐོགས་ཁ་པར་ནས་སྨན་རྫས་ཀྱི་རིན་གོང་ལྟ་ཆོག་པ་དང་། དུས་ཐོག་ཏུ་བསྡུར་བ་བྱེད་ཐུབ་པ། སྨན་རྫས་ཚོང་ཁང་གི་གནས་ཡུལ་ཕྱོགས་སྟོན་མངོན་འགྱུར་ཐུབ་པ་དང་དུས་མཚུངས། ཞིང་ཆེན་ཁག་གཅིག་གི་སྨན་བཅོས་འགན་བཅོལ་གྱི་དམིགས་བཙུགས་སྨན་རྫས་ཚོང་ཁང་གི་རིན་གོང་བསྡུར་བའི་བྱ་རིམ་ཆུང་ངུས་ད་དུང་མཛོད་དུ་ཉར་བའི་སྨན་རྫས་ཀྱི་ཆ་འཕྲིན་གསལ་བཤད་དང་། ལུགས་མཐུན་མིན་པའི་རིན་གོང་གི་དྲན་སྐུལ། རིན་གོང་འཕེལ་ཕྱོགས་དབྱེ་ཞིབ་སོགས་འབྲེལ་ཡོད་བྱེད་ནུས་མཁོ་འདོན་བྱས་ཡོད།