ཟླ་1ཚེས་9ཉིན། ཟམ་གདུང་མཇུག་ཤོས་གནད་ལ་འཁེལ་པོས་བསྒྲིགས་པ་དང་བསྟུན་ནས་ཁྲང་ཅིའུ་མྱུར་བགྲོད་ལྕགས་ལམ་ནན་ཁྲང་དབྱང་ཙི་ཀྲོའུ་ཀན་ཅང་གཞུང་ལམ་ལྕགས་ལམ་ཟམ་ཆེན་དབུས་ཀྱི་ཟམ་པ་གཙོ་བོ(གཞུང་ལམ་དང་ལྕགས་ལམ་མཉམ་སྐྲུན་གྱི་དུམ་བུར་ལུང་ཤིན་ཟམ་ཆེན་ཟེར)བདེ་བླག་ངང་མཐུད་པ་དེ་ཐོག་ནས་ཁྲང་ཅིའུ་མྱུར་བགྲོད་ལྕགས་ལམ་འཛུགས་སྐྲུན་ལ་འཕེལ་རིམ་གལ་ཆེན་བྱུང་བ་མཚོན་གྱི་ཡོད།