འདི་ག་ཚགས་པར་གྱི་གསར་འགོད་པ། ཞུས་ཧའེ་ལིན།
“ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་25ཡི་རིང་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཞིང་། ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས། དམངས་འཚོ་བཅས་ཀྱི་ཁྱབ་ཁོངས་ཁག་ཏུ་མི་རྣམས་ཀྱིས་དོ་སྣང་བྱེད་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་བཏོད་ཡོད། ཨའོ་མོན་གྱི་ཁྱད་ཆོས་ལྡན་པའི‘རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས’ལག་ལེན་བསྟར་བ་ནི་ཨའོ་མོན་ཡུན་རིང་དར་རྒྱས་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པའི་ལམ་ལུགས་ཀྱི་བཀོད་སྒྲིག་ཡག་ཤོས་ཤིག་རེད”ཅེས་ཕོར་ཐིའུ་ཀལ་ཨའོ་མོན་ཚན་རིག་རིག་གནས་ལྟེ་གནས་ཀྱི་ཀྲུའུ་རེན་ཁ་མོན·ཨ་མ་ཏོ·མོན་ཏེ་སིས་ཉིན་ཤས་གོང་འདི་ག་ཚཌ་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་བརྗོད་པ་རེད།
སྔོན་མ་ཨའོ་མོན་སློབ་ཆེན་དུ་དགེ་རྒན་ལོ་ལྔ་བྱེད་མྱོང་བའི་མོན་ཏེ་སིར་ཨའོ་མོན་ལ་འཕེལ་རྒྱས་དང་འགྱུར་ལྡོག་ཆེན་པོ་བྱུང་བའི་མྱོང་ཚོར་ཟབ་མོ་བྱུང་ཡོད། “‘རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས’ལག་ལེན་བསྟར་བར་ཨའོ་མོན་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་དང་ལྷག་པར་དུ་ཨའོ་མོན་གྱི་ལོ་རྒྱུས་རིག་གནས་རྒྱུན་འཛིན་དང་སྲུང་སྐྱོང་ཧ་ཅང་ཡག་པོ་བྱུང་སྟེ། ‘ཨའོ་མོན་གྱི་ལོ་རྒྱུས་གྲོང་ཁུལ’དེ་ཉིད་མཉམ་འབྲེལ་རྒྱལ་ཚོཌ་སློབ་གསོ་ཚན་རིག་རིག་གནས་རྩ་འཛུཌ་ཀྱི《འཛམ་གླིང་ཤུལ་བཞག་མིང་ཐོའི》ནང་བཅུག་ཡོད” མོན་ཏེ་སིས“རྒྱལ་ཁབ་གཅིག་ལ་ལམ་ལུཌ་གཉིས”ཀྱི་འོག་ཨའོ་མོན་གྱིས་ཐུན་མོང་མིན་པའི་ལེཌ་ཆ་བཏོན་པ་དང་། ནང་འབྲེལ་ཕྱི་མཐུད་བྱེད་ཤུཌ་ཆེ་རུ་བཏང་བ། ལྷག་པར་དུ་ཡུལ་སྐོར་ལས་རིཌ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་ལས། ཨའོ་མོན་གྱི་དཔལ་འབྱོར་དང་དམངས་ཚོཌ་ཀྱི་འཚོ་བར་དགེ་མཚན་ལྡན་པའི་ཤུགས་རྐྱེན་ཐེབས་ཡོད་ཅེས་བརྗོད་པ་རེད།
“ཨའོ་མོན་ཚན་རིག་རིག་གནས་ལྟེ་གནས་དེ་ཉིད་ཕོར་ཐིའུ་ཀལ་དང་ཀྲུང་གོའི་སྤེལ་རེས་མཉམ་ལས་སྟེཌ་བུར་འགྱུར་རྒྱུར་གཞོལ་བཞིན་ཡོད” མོན་ཏེ་སིས་གསར་འགོད་པར་ངོ་སྤྲོད་བྱས་པར། ལྟེ་གནས་དེས་ཕོར་ཐིའུ་ཀལ་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་སོགས་དང་མཉམ་ལས་དམ་ཟབ་བྱས་ཏེ། ཕོར་ཐིའུ་ཀལ་དང་ཀྲུང་གོའི་དབར་གྱི་ཚན་རྩལ་མཉམ་ལས་དང་སྤེལ་རེས་ལ་སྐུལ་འདེད་གཏོང་གི་ཡོད། 2018ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕོར་ཐིའུ་ཀལ་དུ་རྒྱལ་དོན་འཚམས་འདྲི་གནང་རིང་ཕོར་ཐིའུ་ཀལ་དང་ཀྲུང་གོ་ཕྱོཌ་གཉིས་པོས་གྲངས་འཛིན་དཔལ་འབྱོར་སོཌ་ཚན་རྩལ་གསར་གཏོད་ཁྱབ་ཁོངས་ཀྱི་རྒྱལ་ཁབ་གཉིས་པོའི་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་དང་།“ཀྲུང་ཕོར་ཚན་རྩལ་2030ལོ”ཞེས་པའི་རོཌ་ཟླའི་འབྲེལ་བའི་སྐོར་གྱི་བསམ་ཤེས་དྲན་ཐོར་མིང་རྟགས་འགོད་རྒྱུ། སའི་གོ་ལ་དང་རྒྱ་མཚོའི་ལྟ་ཞིབ་ཚད་ལེན་དང་། བར་སྣང་། ནཱ་སྨི་བཅས་ཐད་སྔོན་ཐོན་གྱི་རྒྱུ་ཆ་དང་། ནུས་རྒྱུ། ཚེ་སྲོག་ཚན་རིག སྐྱེ་དངོས་བཟོ་སྐྲུན་རིག་པ། ཀྲུང་གོའི་སྲོལ་རྒྱུན་གསོ་རིག་སོཌ་ཁྱབ་ཁོངས་སུ་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུ་བཅས་ཀྱི་མོས་མཐུན་བྱས་ཡོད།
2024ལོ་ནི་ཀྲུང་གོ་དང་ཕོར་ཐིའུ་ཀལ་དབར་ཕྱི་འབྲེལ་བཙུགས་ནས་ལོ་45འཁོར་བའི་ལོ་རེད་ལ། ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་25འཁོར་བའི་ལོའང་རེད། ཨའོ་མོན་ཚན་རིག་རིག་གནས་ལྟེ་གནས་ཀྱིས་དྲན་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བར། ཀྲུང་གོ་དང་ཕོར་ཐིའུ་ཀལ་གྱི་ཁྲིམས་ལུགས་དང་། སྐད་ཡིག རིག་གནས། སློབ་གསོ་སོཌ་ཁྱབ་ཁོངས་ཀྱི་མི་སྣ་ཞུགས་ཡོད་པ་རེད།
(འདི་ག་ཚགས་པར་ཁང་དུ་མ་ཏེ་ལི་ནས་འབྱོར་བའི་གློག་འཕྲིན)