《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年01月07日

ཨེ་ཤེ་ཡ་ཤར་ལྷོའི་ཤིང་ཏོག་གི་གྲང་ཕྲེང་དུས་གཏན་མེ་འཁོར་ཐོག་མ་ཧུའུ་ནན་དུ་འབྱོར་བ།

འདི་ག་ཚགས་པར་ཁང་དུ་ཁྲང་ཧྲ་ནས་ཟླ་1ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ལོ་སིའི་ཝན་ཐེན་ནས་ཧུའུ་ནན་ཧོའེ་ཧྭ་བར་གྱི་ཨེ་ཤེ་ཡ་ཤར་ལྷོའི་ཤིང་ཏོག་གི་གྲང་ཕྲེང་དུས་གཏན་མེ་འཁོར་ཐོག་མ་ཀྲུང་ལོ་ལྕགས་ལམ་བརྒྱུད་ཉེ་དུས་ཧུའུ་ནན་ཧོའེ་ཧྭ་རྒྱལ་སྤྱིའི་སྐམ་སའི་གྲུ་ཁར་འབྱོར་བ་རེད།

ད་ཐེངས་ཀྱི་སྐྱེལ་འདྲེན་དེ་ལས་ཧོའེ་ཧྭ་རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི་གྲང་ཕྲེང་གི་ཁྱད་ལྡན་གཉེར་སྐྱོང་བྱ་ཐབས་སྤྱིའི་ཆ་ནས་ཆགས་པ་དང་། དངོས་ཟོག་གཅིག་སྡུད་དང་ཁག་བགོས་བྱེད་ནུས་རིམ་སྤོར་བྱུང་བ། དེ་དང་དུས་མཚུངས་སུ་ཨེ་ཤེ་ཡ་ཤར་ལྷོའི་ཤིང་ཏོག་ཀྲུང་གོའི་དབུས་རྒྱུད་ས་ཁུལ་དུ་ཐད་ཀར་འབྱོར་བའི་བགྲོད་ལམ་གསར་པ་ཤར་གཏོང་ཐུབ་པ་བཅས་མཚོན་ཡོད།