《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年01月07日

ན་ནིང་དམངས་སྤྱོད་མཁའ་འགྲུལ་ཀུང་སིས་འགྲུལ་པ་དབོར་ཚད་མི་ཐེངས་དུང་ཕྱུར་7.3གྱི་ཟིན་ཐོ་གསར་པ་བཏོད་པ།

སྔོན་དཔག་བྱས་ན་འདི་ལོའི་དཔྱིད་གསར་སྐྱེལ་འདྲེན་སྐབས་མི་ཐེངས་ཁྲི་9000ལས་བརྒལ་རྒྱུ་ཡིན་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་3ཉིན་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་སྐྱེལ་འདྲེན་སིའི་སི་ཀྲང་ཞུས་ཆིང་གིས་2024ལོར་རང་རྒྱལ་གྱི་དམངས་སྤྱོད་མཁའ་འགྲུལ་ཀུང་སིའི་སྐྱེལ་འདྲེན་ལས་དོན་བརྟན་པོའི་ངང་འཕར་ཡོད་ཅེས་ངོ་སྤྲོད་བྱས། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། 2024ལོར་ལས་རིགས་ཧྲིལ་པོས་འགྲུལ་པ་དབོར་ཚད་མི་ཐེངས་དུང་ཕྱུར་7.3ལས་བརྒལ་ནས་ལོ་རྒྱུས་ཀྱི་ཟིན་མཐོ་གསར་ཤོས་བཏོད་ཡོད། སྔོན་དཔག་བྱས་ན། འདི་ལོའི་དམངས་སྤྱོད་མཁའ་འགྲུལ་ཀུང་སིས་དཔྱིད་གསར་སྐྱེལ་འདྲེན་རིང་སྔར་བཞིན་སྐྱེལ་འདྲེན་བྱེད་མང་བའི་ཁྲོམ་རའི་འཕེལ་ཕྱོགས་རྒྱུན་འཁྱོངས་བྱས་ནས་གཉེན་ཉེ་ཐུག་འཕྲད་ལ་འགྲོ་མཁན་དང་། ཕྱིར་ལས་ཀ་བྱེད་པར་འགྲོ་མཁན། སློབ་གྲྭར་འགྲོ་མཁན། ཡུལ་སྐོར་དུ་སྐྱོད་མཁན་བཅས་མཉམ་དུ་འཁེལ་ནས་འགྲུལ་པ་དབོར་ཚད་སྔོན་དཔག་བྱས་ན་མི་ཐེངས་ཁྲི་9000ལས་བརྒལ་ཏེ་སླར་ཡང་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད་ཐུབ་རེ་ཡོད་པ་རེད།