《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年01月06日

འགག་གསུམ་ལྟེ་གནས་ནས་གྲུ་གཟིངས་ཤར་གཏོང་ཐུབ་ཚད་ལོ་གསུམ་བསྟུད་མར་ཏུན་དུང་ཕྱུར་1.5ལས་བརྒལ་བ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཤེས་རྟོགས་བྱུང་བར། འགག་གསུམ་ཤར་གཏོང་ཉིན་རེའི་ཚགས་པར་གྱི་བསྡོམས་རྩིས་ལས་མངོན་པར། 2024ལོར་འགག་གསུམ་ལྟེ་གནས་ནས་གྲུ་གཟིངས་ཤར་གཏོང་ཐུབ་ཚད་ཏུན་དུང་ཕྱུར་1.59ཟིན་ཡོད་ཅིང་། དེ་ནི་2022ལོའི་ཚུན། འགག་གསུམ་ལྟེ་གནས་ནས་གྲུ་གཟིངས་ཤར་གཏོང་ཐུབ་ཚད་ཏུན་དུང་ཕྱུར་1.5ལས་བརྒལ་ཐེངས་གསུམ་པ་རེད།

2024ལོར་འགག་གསུམ་གྱི་གྲུ་ལམ་འགག་སྒོ་ཐེངས་10000ལྷག་ཙམ་འདེགས་ཕབ་བྱས་ནས་གྲུ་གཟིངས་ཤར་གཏོང་ཐུབ་ཚད་ཏུན་དུང་ཕྱུར་1.54ཟིན་པ་དང་། འགག་གསུམ་གྲུ་འདེགས་འཕྲུལ་འཁོར་ཐེངས་4700ལྷག་ཙམ་འཁོར་སྐྱོད་བྱས་ནས་གྲུ་གཟིངས་ཤར་གཏོང་ཐུབ་ཚད་ཏུན་ཁྲི་503ཟིན་པ་དེ་དུས་མཚུངས་ལས་5.1%འཕར་ཡོད། 2024ལོར་འགག་གསུམ་ལྟེ་གནས་ཀྱིས་དམངས་འཚོའི་དངོས་ཟོག་གཙོ་བོ་ཁྱོན་ཏུན་ཁྲི་2600ལྷག་ཙམ་སྟབས་བདེའི་ངང་རགས་སྒྲོལ་ཐུབ་པར་འགན་ལེན་བྱས་པ་དང་། འགག་གསུམ་གྲུ་འདེགས་འཕྲུལ་འཁོར་ནས་འགྲུལ་པ་སྐྱེལ་ཚད་མི་ཐེངས་ཁྲི་50ལས་ཐོག་མར་བརྒལ་བ་དང་། གྲུ་ལམ་འགག་སྒོ་ནས་ལོ་11བསྟུད་མར་དངོས་ཟོག་འདྲེན་ཚད་ཏུན་དུང་ཕྱུར་ལས་བརྒལ་ཡོད་པ་རེད།

(པད་ཆོས་ཀྱིས་བསྒྱུར། ཚེ་སྒྲོལ་གྱིས་ཞུས)