འདི་ག་ཚགས་པར་ཁང་དུ་ཧྲེ་ཅ་ཀྲོང་ནས་ཟླ་1ཚེས་2ཉིན་གློག་འཕྲིན་འབྱོར་གསལ། འཛམ་གླིང་གི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་ཆེ་ཤོས་ཀྱི་ཆུ་འཐེན་ནུས་གསོག་གློག་ཁང་སྟེ། རྒྱལ་ཁབ་གློག་དྲ་ཧོ་པེ་ཧྥུང་ཉིང་ཆུ་འཐེན་ནུས་གསོག་གློག་ཁང་གི་མྱུར་ཚད་སྒྱུར་བའི་འཕྲུལ་ཚན་མཐའ་མ་དེ་2024ལོའི་ཟླ་12ཚེས་31ཉིན་དངོས་སུ་ཚོང་ལས་འཁོར་རྒྱུག་བྱེད་འགོ་ཚུགས་པ་དེ་ཐོག་ནས་གློག་ཁང་གིས་ཕྱོགས་ཡོངས་ནས་གློག་གཏོང་འགོ་ཚུགས་པ་མཚོན་གྱི་ཡོད།
ཧྥེང་ཉིང་གློག་ཁང་ནི་ཧོ་པེ་ཞིང་ཆེན་ཁྲེང་ཏེ་གྲོང་ཁྱེར་ཧྥེང་ཉིང་མན་ཇུ་རིགས་རང་སྐྱོང་རྫོང་ཁོངས་སུ་གནས་ཤིང་། པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་ཐེག་ནུས་ལྟེ་གནས་དང་ཐག་ཉེ་ལ། ཧོ་པེའི་བྱང་རྒྱུད་ཀྱི་ཆན་ཝ་ཁྲི་སྟོང་རིམ་པའི་ནུས་རྒྱུ་གསར་པའི་རྟེན་གཞིའི་ཉེ་འགྲམ་དུ་ཡོད། གློག་ཁང་དེར་བསྡོམས་འཕྲུལ་ཚན་རྐྱང་པའི་ཤོང་ཚད་ཆན་ཝ་ཁྲི་30ཡི་འཕྲུལ་ཚན་12(དེའི་ནང་གི་གཉིས་ནི་མྱུར་ཚད་སྒྱུར་བའི་འཕྲུལ་ཚན་ཡིན)སྒྲིག་སྦྱོར་བྱས་པ་དང་། སྒྲིག་སྦྱོར་འཕྲུལ་འཁོར་གྱི་གཞི་ཁྱོན་བསྡོམས་ཆན་ཝ་ཁྲི་360ཟིན་ནས་འཛམ་གླིང་གི་ཆུ་འཐེན་ནུས་གསོག་གློག་ཁང་ཆེ་ཤོས་སུ་གྱུར་ཏེ། ལོར་ཇུས་འགོད་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་66.12དང་ལོ་རེར་ཇུས་འགོད་ཆུ་འཐེན་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་87.16ཟིན་ཡོད།