《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年01月06日

རྒྱལ་ཡོངས་ཀྱི་ཞིང་ནང་སྔོ་ཚལ་རྒྱ་ཁྱོན་མུའུ་ཁྲི་8300ལྷག་ཙམ་ཟིན་པ།

“ཤ་ཚལ་སྒོང”གསུམ་མཁོ་སྤྲོད་བརྟན་པོ་ཡོང་བར་འགན་ལེན་བྱས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཞིང་ལས་གྲོང་གསེབ་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་ཆར་རྒྱལ་ཡོངས་ཀྱི་སྔོ་ཚལ་ཐོན་སྐྱེད་དང་མཁོ་སྤྲོད་འདང་ངེས་ཡོད་པ་དང་རིན་གོང་བརྟན་པོ་ཡོད་པ་རེད། ཞིང་ལས་གྲོང་གསེབ་པུའི་ཞིང་ལས་གནས་ཚུལ་བཀོད་གཏོང་གསར་ཤོས་ལ་གཞིགས་ན། མིག་སྔར་རྒྱལ་ཡོངས་ཀྱི་ཞིང་ནང་སྔོ་ཚལ་རྒྱ་ཁྱོན་མུའུ་ཁྲི་8300ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་མུའུ་ཁྲི་80ལྷག་ཙམ་འཕར་ཡོད། 2024ལོའི་ཟླ་12པའི་ཟླ་དཀྱིལ་དུ་སྔོ་ཚལ་ཐོན་འབོར་ཏུན་ཁྲི་2170ཟིན་ཡོད། བྱང་ཕྱོགས་ཀྱི་སྒྲིག་བཀོད་སྔོ་ཚལ་ཐོན་འབོར་བརྟན་པོའི་ངང་འཕར་བ་དང་བསྟུན་ནས་ལྷོ་ཕྱོགས་ཀྱི་ཕྱི་རོལ་སྔོ་ཚལ་འབོར་ཆེན་ཁྲོམ་རར་བཏོན་པའི་ཁར་དགུན་ཉར་སྔོ་ཚལ་གྲངས་འབོར་འདང་ངེས་ཡོད་པས། སྔོན་དཔག་བྱས་ན་རྒྱལ་ཡོངས་ཀྱི་སྔོ་ཚལ་ཐོན་སྐྱེད་ཀྱི་འཕེལ་ཕྱོགས་ཡག་པོ་མུ་མཐུད་རྒྱུན་འཁྱོངས་ཐུབ་ནས་དཔྱིད་གསར་དུས་ཆེན་གྱི་མཁོ་སྤྲོད་འགན་ལེན་ནུས་ལྡན་ཐུབ་རྒྱུ་རེད།

གོམ་སྟབས་རྗེས་མར་ཞིང་ལས་གྲོང་གསེབ་པུས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་ཁོངས་གཏོགས་ས་གནས་ཀྱི་འགན་འཁྲི་ནན་དུ་་གཏོང་བ་དང་། ཐོན་སྐྱེད་མཁོ་སྤྲོད་བརྟན་པོ་ཡོང་བར་བྱེད་པ། ཐོན་ཚོང་སྦྲེལ་མཐུད། ཆ་འཕྲིན་ལྟ་ཞིབ་ཚད་ལེན་ལ་དམ་འཛིན་བྱེད་པ་བཅས་ཕྱོགས་བཞིའི་ཐད་བྱ་ཐབས་སྤྱད་དེ་མི་སེར་གྱི“ཤ་ཚལ་སྒོང”གསུམ་མཁོ་སྤྲོད་བརྟན་པོ་དང་ཡག་པོ་ཡོང་བར་འགན་ལེན་བྱ་རྒྱུ་ཡིན་པ་རེད།