གནམ་ལོ་གསར་ཚེས་རིང་། ཧོ་ནན་ཞིང་ཆེན་ནེ་ཧོང་རྫོང་གི་མྱུ་གུ་གསོ་སྐྱོང་རྟེན་གཞི་མང་པོས་ཞིང་ལས་དུས་ཚོད་ལ་དམ་འཛིན་བྱས་ནས། སྔོ་ཚལ་དང་ཀྭ་རིགས་ཀྱི་མྱུ་གུ་གསོ་སྐྱོང་ཡག་པོ་བྱས་ཏེ། ལོ་གསར་པའི་དཔྱིད་རྨོད་ཐོན་སྐྱེད་ལ་གྲ་སྒྲིག་ཚགས་ཚུད་པོ་བྱེད་བཞིན་ཡོད། འདི་ནི་2025ལོའི་ཟླ་1ཚེས་1ཉིན། ཧོ་ནན་ཞིང་ཆེན་ཨན་དབྱང་གྲོང་ཁྱེར་ནེ་ཧོང་རྫོང་གི་མྱུ་གུ་གསོ་སྐྱོང་རྟེན་གཞི་ཞིག་ཏུ་ཞིང་པས་ཀྭ་རིགས་ཀྱི་མྱུ་གུ་མཐུད་སྦྱོར་བྱེད་བཞིན་པ།