འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་པེ་ཅིང་མཐའ་སྲུང་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ནས་ཤེས་རྟོགས་བྱུང་བར། 2024ལོར་པེ་ཅིང་འགག་སྒོ་ནས་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་མི་ཐེངས་ཁྲི་1800ལས་བརྒལ་ནས་མི་ཐེངས་ཁྲི་1827ཟིན་པ་དང་། རྒྱལ་མཚམས་འཛུལ་སྒྲོལ་གྱི་གནམ་གྲུའི་འགྲོ་ལུགས་ཐེངས་ཁྲི་11ལྷག་ཙམ་གཉེར་བ་དེ་དུས་མཚུངས་ལས་90%དང་76%སོ་སོར་འཕར་ཡོད། དེའི་ནང་ལོ་ཧྲིལ་པོར་རྒྱལ་མཚམས་འཛུལ་སྒྲོལ་བྱེད་མཁན་ཕྱི་རྒྱལ་བ་མི་ཐེངས་ཁྲི་484ཟིན་པ་དེ་དུས་མཚུངས་ལས་125%ཙམ་འཕར་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། 2024ལོའི་ཟླ་12ཚེས་31ཉིན་བར། པེ་ཅིང་འགག་སྒོ་ལས་ཁུངས་ཀྱིས་ཕྱི་རྒྱལ་བ་མི་ཐེངས་ཁྲི་92ལ་ཐོངས་མཆན་འགོད་མི་དགོས་པའི་འགྲོ་ལུགས་གཉེར་བ་དང་། རྒྱལ་མཚམས་འཛུལ་སྒྲོལ་གྱི་ཆ་རྐྱེན་འཛོམས་པའི་རྒྱལ་ཁོངས་ཕྱི་རྒྱལ་ནས་ཡིན་པའི་འགྲུལ་པ་མི་ཐེངས་ཁྲི་6.4ལ་ཆུ་ཚོད་144དང་ཆུ་ཚོད་240ཡི་གནས་སྐབས་རྒྱལ་མཚམས་ནས་འཛུལ་ཆོག་པའི་ཐོངས་མཆན་སྤྲད་པ་དེ། 2023ལོའི་དུས་མཚུངས་ཀྱི་ལྡབ་4.9དང་ལྡབ་2.2སོ་སོར་ཟིན་ཡོད།
དེའི་ནང་རྒྱལ་སའི་རྒྱལ་སྤྱིའི་གནམ་ཐང་འགག་སྒོ་ནས་རྒྱལ་མཚམས་སུ་འཛུལ་མཁན་ཕྱི་རྒྱལ་བ་མི་ཐེངས་ཁྲི་191དང་ཐོངས་མཆན་འགོད་མི་དགོས་པར་རྒྱལ་མཚམས་སུ་འཛུལ་མཁན་མི་ཐེངས་ཁྲི་71ཟིན་ཡོད་པ་དང་། ཏ་ཤིང་རྒྱལ་སྤྱིའི་གནམ་ཐང་འགག་སྒོ་ནས་རྒྱལ་མཚམས་སུ་འཛུལ་མཁན་ཕྱི་རྒྱལ་བ་མི་ཐེངས་ཁྲི་56དང་། ཐོངས་མཆན་འགོད་མི་དགོས་པར་རྒྱལ་མཚམས་སུ་འཛུལ་མཁན་མི་ཐེངས་ཁྲི་21ཟིན་ཡོད་པ་རེད།