《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年01月05日

ལས་རིགས་གསར་པས་ཐོན་སྐྱེད་དང་འཚོ་བར་ནུས་པ་རྒྱུན་མཐུད་སྦྱིན་པ།

ཞུས་དབྱང་།

ཇ་རྨང་གཞིར་བྱས་ནས་དེའི་ཐོག་ཤིང་ཏོག་དང་དཀར་ཆུའི་ཐོན་རྫས་སོགས་བསྲེས་ན། བྲོ་བ་ཞིམ་ལ་བཅུད་ཆེ་བའི་འཐུང་བྱ་སྣ་ཚོགས་བཟོ་ཐུབ་ཀྱི་ཡོད། སྐོམ་སྦྱོར་བས་སྲོལ་རྒྱུན་གྱི་ཇའི་རིག་གནས་ལ་ནང་དོན་གསར་པ་བསྣན་ནས། མིག་སྔའི་འཛད་སྤྱོད་བྱེད་ཕྱོགས་དང་བསྟུན་ཏེ་འཛད་སྤྱོད་པའི་བཟའ་བཏུང་གདམ་ག་ཕུན་སུམ་ཚོགས་སུ་རྒྱུན་ཆད་མེད་པར་གཏོང་བཞིན་ཡོད།

ཉེ་བའི་ལོ་ཤས་རིང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་རྒྱུན་ཆད་མེད་པར་ཕྱིན་པ་དང་བསྟུན་ནས། ལས་རིགས་གསར་པ་འབོར་ཆེན་ཐོན་ཏེ་མང་ཚོགས་ཀྱི་རང་གཤིས་ཅན་གྱི་དགོས་མཁོ་བསྐངས་ནས་ཐོན་སྐྱེད་དང་འཚོ་བར་ནུས་པ་རྒྱུན་མཐུད་སྦྱིན་བཞིན་ཡོད།

ཚད་ལེན་ཚོད་སྐོར་དང་ཉམས་བཟོ་སྒྱུར་བཅོས་བྱེད་ཅིང་། གློག་ནུས་སྤུས་ཚད་དོ་དམ་པས་གློག་སྒྱུར་སྒྲིག་ཆས་ལ་ལྟ་སྐུལ་ཚོད་འཛིན་དང་འཁོར་སྐྱོད་སྲུང་སྐྱོང་དོ་དམ་བྱས་ཏེ། སྒྲིག་ཆས་བདེ་འཇགས་དང་འཁོར་སྐྱོད་བརྟན་པོ་ཐུབ་པར་འགན་ལེན་བྱེད་ཀྱི་ཡོད། ཞིང་ནང་དང་མུ་ཁར་ཐབས་ལམ་སྣ་ཚོགས་སྤྱོད་ཅིང་། ཞིང་ལས་གྲངས་འཛིན་ཅན་གྱི་ལག་རྩལ་པས་ཟོག་འབྲེལ་དྲ་རྒྱ་དང་གཞི་གྲངས་ཆེན་པོ་སོགས་ཀྱི་ལག་རྩལ་སྤྱད་ནས། འདེབས་འཛུགས་དང་གསོ་ཚགས་སོགས་ལ་རིག་ནུས་ཅན་གྱི་ཐག་གཅོད་ཇུས་གཞི་མཁོ་འདོན་གྱིས་ཐོན་ཁུངས་ལ་གྲོན་ཆུང་དང་ཕན་ནུས་ཆེ་བའི་བེད་སྤྱོད་སོགས་ལ་སྐུལ་འདེད་གཏོང་གི་ཡོད། ཁེ་ལས་ཀྱི་མ་གནས་དམའ་རུ་གཏོང་བ་དང་ཕན་འབྲས་ཆེ་རུ་འགྲོ་བར་རོགས་རམ་དང་། ཞིང་པར་ཐོན་འཕར་འབབ་འཕར་ཡོང་བར་རོགས་རམ། ལས་རིགས་གསར་པའི་ལས་གཉེར་བར་ཐོན་སྐྱེད་ཀྱི་ཕན་ནུས་དེ་བས་ཆེ་བ་ཐོན་པ་བཅས་ལ་རོགས་རམ་བྱེད་ཀྱི་ཡོད།

རང་གཤིས་ཅན་གྱི་ཞབས་འདེགས་མཁོ་འདོན་བྱེད་ཅིང་། དམངས་སྲོལ་གནས་ཚང་གི་དོ་དམ་པས་ཡུལ་སྐོར་བར་སྡོད་གནས་ཁོར་ཡུག་དང་ཡུལ་སྐོར་ཉམས་ལེན་དེ་བས་ལེགས་པ་ལོངས་སྤྱོད་ཐུབ་པར་བྱེད་པ་དང་། སྤུས་ཚད་མཐོ་བའི་ལྟ་རྟོག་བྱེད་ཅིང་། བདེ་ཐང་ལྟ་རྟོག་པས་རྒན་རྒོན་ཚོར་སྤུས་ཚད་ཅན་གྱི་འཚོ་བའི་ལྟ་རྟོག་དེ་བས་ལེགས་པ་བྱེད་པ། ཆེད་ལས་ཅན་གྱིས་གཙང་མ་བཟོས་ཤིང་། བསྡུ་གསོག་རྒྱག་མཁན་གྱིས་ཟང་ཟིང་གི་ཁང་པ་གཙང་མ་བཟོ་བ་སོགས་དགོས་མཁོ་སྣ་ཚོགས་སྐོང་བ། སྤུས་ལེགས་ཀྱི་ཞབས་འདེགས་ཞུས་ཤིང་། ལས་རིགས་གསར་པའི་ལས་གཉེར་བས་ཁྱབ་ཁོངས་དེ་བས་མང་བའི་ཁྲོད་མི་རྣམས་ཀྱི་འཚོ་བ་དེ་བས་སྟབས་བདེ་དང་། བདེ་ཐང་། མཛེས་སྡུག་ལྡན་པ་བཅས་ཡོང་བར་བྱེད་ཀྱི་ཡོད།

དགོས་མཁོ་མང་དུ་ཕྱིན་པ་དང་བསྟུན་ནས། ལས་རིགས་གསར་པའི་ལས་གཉེར་བས་ཞབས་ཞུའི་འཇོན་ཐང་ཆེ་རུ་རྒྱུན་ཆད་མེད་པར་གཏོང་དགོས་ཤིང་། ཆེད་ལས་ཤེས་བྱ་ཁོང་དུ་ཆུད་པ་དང་། ཁྲོམ་རའི་དགོས་མཁོ་ཤེས་རྟོགས་བྱེད་པ། དུས་བསྟུན་གྱིས་རྩལ་ནུས་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ཚེ། ལས་གནས་ཐོག་འཇོན་ཐང་དེ་བས་ཆེ་བ་འདོན་ཐུབ་ནས་མི་དེ་བས་མང་བའི་མཛེས་སྡུག་ལྡན་པའི་འཚོ་བར་རམ་འདེགས་བྱེད་ཐུབ།