《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年01月05日

མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་ཞིབ་འཇུག་ལྟེ་གནས་སྒོ་ཕྱེ་བའི་མཛད་སྒོ་པེ་ཅིང་དུ་འཚོགས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཚེས་2ཉིན། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྒོ་བྱང་གི་ཡོལ་བ་ཕྱེ་བའི་མཛད་སྒོ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི་ཡིས་ཞིབ་འཇུག་ལྟེ་གནས་ཀྱི་སྒོ་བྱང་གི་ཡོལ་བ་ཕྱེ་ནས་ཤིས་ཚིག་གསུངས་པ་རེད།

ཝང་དབྱི་ཡིས་ཞིབ་འཇུག་ལྟེ་གནས་དེ་ཕྱི་འབྲེལ་སློབ་གླིང་དུ་བཙུགས་པར་རྟེན་འབྲེལ་ཞུས་ཤིང་། ཁོང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་ཐོག་མའི་གསར་རྩོམ་རང་བཞིན་གྱི་དགོངས་པ་གལ་ཆེན་ཞིག་དང་། 

ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་ལྟེ་བའི་འདུ་ཤེས་ཤིག“འཛམ་གླིང་གང་འདྲ་ཞིག་འཛུགས་སྐྲུན་བྱེད་པ་དང་། འཛམ་གླིང་འདི་འཛུགས་སྐྲུན་ཇི་ལྟར་བྱེད་པའི”དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་འདིར་ཀྲུང་གོས་བཏབ་པའི་ལན་ཞིག་བཅས་ཡིན་པ་དེར། རིགས་པའི་གཞུང་ལུགས་ཀྱི་རིན་ཐང་ཆེན་པོ་དང་། དུས་རབས་ཀྱི་དོན་སྙིང་གལ་ཆེན། འཛམ་གླིང་ལ་ཤུགས་རྐྱེན་ཟབ་མོ་ལྡན་ཡོད་ཅེས་གསུངས་པ་རེད།

ཝང་དབྱི་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ་ནི་མཛེས་སྡུག་ལྡན་པའི་དམིགས་ཚད་ཅིག་རེད་ལ། མི་རབས་མང་པོས་གཅིག་རྗེས་གཉིས་མཐུད་བྱས་ཚེ་གཞི་ནས་མངོན་འགྱུར་ཐུབ་པའི་དམིགས་ཚད་ཅིག་ཀྱང་རེད། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་ཡག་པོ་བྱས་ཏེ། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པར་ཞིབ་འཇུག་དང་། རྒྱས་བཤད། དྲིལ་བསྒྲགས། འོས་སྦྱོར་བཅས་བྱེད་པའི་གཟི་བརྗིད་ལྡན་པའི་འགན་འཁྲི་ལག་ལེན་ཡག་པོ་བསྟར་དགོས་པའི་ནན་བཤད་གནང་བ་རེད།

(དབང་སྒྲོན་སྐྱིད་ཀྱིས་བསྒྱུར། པ་ཚེ་གཞོན་པས་ཞུས)