《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年01月05日

ཅི་ཏ་ཡོན་མྱུར་བགྲོད་མེ་འཁོར་ཤར་གཏོང་ཐུབ་པ།

འདི་ནི་2024ལོའི་ཟླ་12ཚེས་31ཉིན། ཧྲན་ཤིས་ཧྲུའོ་ཀྲོའུ་བབས་ཚུགས་ཤར་མ་ནས་ནང་སོག་ཧུའུ་ཧོ་ཧའོ་ཐེའི་བབས་ཚུགས་ཤར་མར་གཏོང་བའི་ཤུགས་འགྲེམས་མེ་འཁོར་ཅི་ཏ་ཡོན་གྱི་མྱུར་བགྲོད་ལྕགས་ལམ་ཐོག་སྐྱོད་བཞིན་པ།

2024ལོའི་ཟླ་12ཚེས་31ཉིན། ཅི་ཏ་ཡོན(ནང་སོག་ཅི་ཉིང་ནས་ཧྲན་ཤིས་ཏ་ཐུང་དང་། དེ་ནས་ཧྲན་ཤིས་ཡོན་ཕིང་བར)མྱུར་བགྲོད་མེ་འཁོར་ཤར་གཏོང་ཐུབ་སྟེ། དེ་སྔ་ཧྲན་ཤིས་ཐའེ་ཡོན་ནས་ནང་སོག་ཧུའུ་ཧོ་ཧའོ་ཐེ་བར་མེ་འཁོར་བསྡད་ཚེ་ཆུ་ཚོད་5ལྷག་ཙམ་འགོར་བ་ནས་ད་ཆ་མགྱོགས་ཤོས་ལ་ཆུ་ཚོད་3དང་སྐར་མ་12ནང་སླེབས་ཀྱི་ཡོད་པ་རེད།

“འཕྲེད་བརྒྱད་གཞུང་བརྒྱད”ཀྱི་མྱུར་བགྲོད་ལྕགས་ལམ་དྲ་བ་ཧུའུ་ཧོ་ཧའོ་ཐེའི་ལྷོ་ཕྱོགས་བགྲོད་ལམ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཅི་ཏ་ཡོན་མྱུར་བགྲོད་མེ་འཁོར་ཤར་གཏོང་ཐུབ་རྗེས། “འཕྲེད་བརྒྱད་གཞུང་བརྒྱད”ཀྱི་མྱུར་བགྲོད་ལྕགས་ལམ་དྲ་བའི་བགྲོད་ལམ་གཙོ་བོ་བསྐྲུན་ཟིན་ནས་ཐོན་སྐྱེད་བྱེད་འགོ་ཚུགས་ཚད་81%ཙམ་ཟིན་པ་དང་། སྐྲུན་བཞིན་པའི་གཞི་ཁྱོན་14%ཟིན་ནས་སྒྲོམ་གཞིའི་དྲ་བ་ཞིག་ཆགས་ཡོད། 2024ལོའི་ལོ་མཇུག་བར། རྒྱལ་ཡོངས་ཀྱི་ལྕགས་ལམ་ལས་གཉེར་ལམ་ཐག་ལ་སྤྱི་ལེ་ཁྲི་16.2ཟིན་པའི་ཁྲོད་མྱུར་བགྲོད་ལྕགས་ལམ་གྱི་སྤྱི་ལེ་ཁྲི་4.8ཟིན་གྱི་ཡོད།