ཉེ་ཆར། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དང་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་གཙོ་གཉེར་བྱས་པའི་2025ལོའི་རྒྱལ་ཡོངས་ཀྱི་ལོ་གསར་པའི་རི་འཛེགས་ལུས་སྦྱོང་ཚོགས་ཆེན་གྱི་བོད་ལྗོངས་ཡན་ལག་ཚོགས་ར་དང་ཇོ་མོ་གླང་མར་ཐོག་མར་མཐོ་ཚད་འཇལ་ནས་ལོ་50འཁོར་བར་དྲན་གསོ་ཞུ་བའི་རིམ་སྤེལ་བྱེད་སྒོ་ལྷ་སར་སྤེལ་བ་རེད། བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་བོད་ལྗོངས་ཀྱི་རི་ཁུལ་གྱི་ཕྱི་རོལ་ལུས་སྦྱོང་ལ་སྔར་བས་སྐུལ་འདེད་བཏང་སྟེ་དམངས་ཡོངས་བདེ་ཐང་དང་དམངས་ཡོངས་ལུས་སྦྱོང་མཉམ་འདྲེས་གཏིང་ཟབ་ཀྱི་རྣམ་པ་གཏོད་པ་དང་ཡར་བརྩོན་གྱི་འཚོ་བ་སྐྱེལ་སྟངས་དར་སྤེལ་བཏང་ནས་རྒྱ་ཆེའི་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་དང་བདེ་སྐྱིད་སྟོན་གྲངས་མཐོ་རུ་གཏོང་རྒྱུ་དེ་རེད། འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།