2025ལོའི་ཟླ་1ཚེས་2ཉིན། ཀྲུང་གོ་ལྕགས་ལམ་ཧའར་པིན་ཅུས་ཚོགས་པ་ཚད་ཡོད་ཀུང་སིའི་གངས་འཁྱཌ་ཡུལ་སྐོར་པར་ལེན་གྱི་ཆེད་གཏོང་མེ་འཁོར་ཐོག་མ་——ཧའར་པིན་ནས་ཡཱ་པུའུ་ལི་ལྷོ་དབར་གྱི་K5197རྟགས་ཅན་གྱི་མེ་འཁོར་གཏོང་འགོ་ཚུགས་ཤིང་། མེ་འཁོར་དེའི་ནང་གི་འགྲུལ་པ་ཚོས་ཁྱད་ཆོས་མི་འདྲ་བའི་བརྗོད་དོན་གཙོ་བོའི་འཁོར་སྒམ་ནང་དུ་པར་ལེན་ཞབས་ཞུ་མྱོང་རོལ་བྱེད་ཆོག་གི་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོ་ལྕགས་ལམ་ཧའར་པིན་ཅུས་ཚོགས་པ་ཚད་ཡོད་ཀུང་སིས་ཧའར་པིན་བབས་ཚུགས་དང་ཡཱ་པུའུ་ལི་ལྷོ་བབས་ཚུགས་སོགས་དྲ་གྲགས་བབས་ཚུགས་ལ་བརྟེན་ནས་གནས་ཚུགས་བཀོད་སྒྲིག་དང་བརྗོད་དོན་གཙོ་བོའི་འཁོར་སྒམ་ཇུས་འགོད་སོགས་བྱས་ཏེ། འགྲུལ་པ་ཚོར་ཁྱད་ཆོས་ཕུན་སུམ་ཚོགས་པའི་ཡུལ་སྐོར་པར་ལེན་ཞབས་ཞུ་མཁོ་འདོན་བྱས་ནས། འགྲིམ་འགྲུལ་ཡོ་ཆས་དེ་ཡུལ་སྐོར་གྱི་རྣམ་པ་གསར་པ་ཞིག་ཏུ་རིམ་སྤོར་བྱས་ཤིང་། འདི་ནི་ཟླ་1ཚེས་2ཉིན། ཡཱ་པུའུ་ལི་ལྷོ་བབས་ཚུགས་སུ་པར་ལེན་པ་ཞིག་གིས་འགྲུལ་པ་གཉིས་ལ་པར་རྒྱག་བཞིན་པ།