《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年01月04日

ཀྲེ་ཅང་ཁྲུན་ཨན་གྱིས་གྲོང་གསེབ་བཅོས་སྐྱོང་གི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་པ།

འདི་ག་ཚགས་པར་གྱི་གསར་འགོད་པ། ལིའུ་ཅུན་གོ

ཉེ་ཆར། ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་ཁྲུན་ཨན་རྫོང་ཏ་ཧྲུའུ་གྲོང་རྡལ་སུན་ཅ་ཧྥན་གྲོང་ཚོའི་ཉེན་རྟོག་པ་འཚམས་འདྲིར་སྐྱོད་སྐབས། གྲོང་མི་རྨོ་བོ་ཡུས་ལགས་ལག་པ་ཆག་པ་མ་ཟད། ཐོབ་ཐང་ལག་ཁྱེར་ཡང་བརླགས་ནས་ཅི་བྱ་གཏོལ་མེད་དུ་གྱུར་པ་ཤེས་རྟོགས་བྱུང་འཕྲལ་ཐེམ་ཐོ་བཟོ་མཁན་མི་དམངས་ཉེན་རྟོག་པ་དང་འབྲེལ་བ་བྱས་ནས་སྒོ་རྩར་ལག་ཁྱེར་གཉེར་བ་དང་ལག་ཁྱེར་སྐྱེལ་བའི་ཞབས་འདེགས་ཞུས་པ་རེད།

ཉེ་བའི་ལོ་ཤས་རིང་། ཁྲུན་ཨན་རྫོང་གིས་དུས་རབས་གསར་པའི“ཧྥུང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་སྟེ། “ཉེན་རྟོག་དྲ་བ་དུད་ཚང་དང་འབྲེལ་མཐུད་དང་ཁྱིམ་མཚེས་དབར་རོགས་རེས”ཀྱི་གྲོང་གསེབ་བཅོས་སྐྱོང་ལམ་སྲོལ་གསར་པ་འཚོལ་ཞིབ་བྱས་ཤིང་། “འགལ་བ་རང་སར་སེལ་བ་དང་། དོན་དག་འཕྲད་སྐབས་གྲོས་བསྡུར་བྱེད་པ། དཀའ་ངལ་མཉམ་དུ་སེལ་བ། དཀའ་ངལ་འཕྲད་སྐབས་རོགས་རམ་བྱེད་མཁན་ཡོད་པ”བཅས་ཀྱི་རྣམ་པ་བཟང་པོ་བཏོད་ཡོད།

སྤྱི་ཚོགས་ཐོན་ཁུངས་ཀྱི་སྟོབས་ཤུགས་བསྡུ་སྒྲིལ་གང་ཐུབ་བྱ་ཆེད། ཏ་ཧྲུའུ་གྲོང་རྡལ་གྱིས་གྲོང་ཚོ་རིམ་པའི་བདེ་འཇགས་དྲིལ་བསྒྲགས་ལྟེ་གནས་སྟོབས་ཆེན་འཛུགས་རྒྱུ་གཞི་རྟེན་དུ་བྱས་ནས་གྲོང་ཚོ་ཁག་ལ་ཉེན་རྟོག་པའི་སྟོབས་ཤུགས་ཧྲག་པོ་བཀོད་སྒྲིག་གང་ལེཌ་བྱས་པ་མ་ཟད། གྲོང་ཚོའི་ཉེན་རྟོག་པ་གྲོང་ཚོ་རིམ་པའི་བདེ་འཇཌ་དྲིལ་བསྒྲཌ་སློབ་གསོའི་ལྟེ་གནས་སུ་རྒྱུན་དུ་སྡོད་པའི་ལམ་ལུགས་དོན་འཁྱོལ་བྱས་ནས་གྲོང་མིར་སྒོ་རྩར་ལག་ཁྱེར་གཉེར་བ་དང་། མངོན་མེད་རྐྱེན་ངན་གྲལ་བཤེར། འགལ་བ་སེལ་བ། བཅའ་ཁྲིམས་བློ་འདྲི་སོགས་ཀྱི་ཞབས་འདེགས་ཞུས་པ་དང་ཆབས་ཅིག གྲོང་ཚོ་ཁག་གི་ལས་བྱེད་པ་དང་དྲ་མིག་པའི་ནུས་པ་གང་ལེཌ་བཏོན་ནས་ནགས་སྲུང་བ་དང་། གཙང་སྦྲ་བ། ཆུ་དོན་པ་སོཌ་ཀྱི་སྟོབས་ཤུགས་ཕྱོགས་བསྡུས་དྲ་མིག་དོ་དམ་ནང་བཅུག་ཡོད།

ཏ་ཧྲུའུ་གྲོང་རྡལ་གྱིས་ད་དུང་གྲོང་རྡལ་ཡོངས་ཀྱི་ད་ཡོད་ཀྱི་དྲ་མིག་30དང་དྲ་མིག་ཆུང་གྲས་92ཀྱི་རྨང་གཞིའི་ཐོག་དུད་ཚང་5ནས་10བར་གཞི་རྩའི་རོགས་རམ་ཚན་པར་དབྱེ་ནས་ཡུག་འབྲེལ་ཁུལ་གྱི་མི་དམངས་ཉེན་རྟོག་པ་དང་། ཏན་ཡོན། དྲ་མིག་པ། སེམས་རྩ་འཁོལ་བའི་གྲོང་མི་སོགས་ལས་གྲུབ་པའི“ཁྱིམ་མཚེས་རོགས་རེས”ཚོགས་པ་བཙུགས་པ་དང་ཉེན་རྟོག་དྲ་བའི་དུད་སྦྲེལ་དཔོན་བདམས་ཏེ་འགན་འཁྲི་ཁག་10ཁ་གསལ་བཟོས་ཡོད། ཉེན་རྟོག་དྲ་བའི་དུད་སྦྲེལ་དཔོན་གྱིས“མི་རྒྱུས་ཡོད་པ་དང་། ས་རྒྱུས་ཡོད་པ། གནས་ཚུལ་གསལ་པོ་ཤེས་པ”བཅས་ཀྱི་ལེགས་ཆ་བཏོན་ནས་གཞན་དབང་ཞབས་ཞུ་རང་འགུལ་ཞབས་ཞུར་བསྒྱུར་ཏེ་གཞི་རིམ་བཅོས་སྐྱོང་གི་གནད་སྨིན་ཅན་དང་ཞིབ་ཚགས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ཡོད།