ཉིང་དབྱང་འབྲི་ཆུའི་ཟམ་ཆེན་དེ་ཅང་སུའུ་ནན་ཅིང་འབྲི་ཆུའི་ཟམ་ཆེན་བཞི་པ་དང་རུན་དབྱང་ཟམ་ཆེན་གྱི་བར་དུ་གནས་པ་དེ་ལྷོ་ངོས་ནན་ཅིང་གྲོང་ཁྱེར་དང་ཀྲེན་ཅང་ཅུས་རུང་གྲོང་ཁྱེར་དང་འབྲེལ་བ་དང་བྱང་ངོས་དབྱང་ཀྲོའུ་དབྱི་ཀྲེང་གྲོང་ཁྱེར་དང་འབྲེལ་ཡོད། ཟམ་ཆེན་དེ་ནི་ཕྱོགས་གཉིས་ལ་འཁོར་ལམ་དྲུག་ཡོད་པའི་མྱུར་བགྲོད་གཞུང་ལམ་གྱི་ཚད་གཞི་ལྟར་བསྐྲུན་ནས་འཆར་འགོད་བྱས་པའི་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་100ཟིན་ཞིང་། རླངས་འཁོར་ཤར་གཏོང་ཐུབ་རྗེས་གྲོང་མི་ཕྱིར་སྐྱོད་ལ་སྟབས་བདེ་བསྐྲུན་ནས་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་ཐུབ་རྒྱུ་རེད།
འདི་ནི་ཉིང་དབྱང་འབྲི་ཆུའི་ཟམ་ཆེན་གྱི་རྣམ་པ་ཡིན་པ།