《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年01月03日

ཀྲུང་ཡོའི་དུས་གཏན་མེ་འཁོར(ཕི་ཡཱ་ཆིན་ཚཱ་ནས་ཁྲེང་ཏུའུ་བར)ཁྲེང་ཏུའུ་རྒྱལ་སྤྱིའི་ལྕགས་ལམ་གྲུ་ཁར་འབྱོར་བ།

2025ལོའི་ཟླ་1ཚེས་1ཉིན། ཁྱིམ་ཆས་དང་། ཨ་རག་དམར་པོ་སོགས་བྱུར་བུར་བླུགས་པའི་ཀྲུང་ཡོའི་དུས་གཏན་མེ་འཁོར་ཉིན་10ལྷག་ཙམ་བསྐྱོད་མཐར། ཁྲེང་ཏུའུ་རྒྱལ་སྤྱིའི་ལྕགས་ལམ་གྲུ་ཁར་འབྱོར་བ་རེད། ཐེངས་དེའི་དུས་གཏན་མེ་འཁོར་ནི་དབྱི་ཐ་ལིའི་གྲོང་ཁྱེར་ཕི་ཡཱ་ཆིན་ཚཱ་ནས་ཐོན་ཏེ་ཕོ་ལན་གྱི་གྲོང་ཁྱེར་ལུའོ་ཙི་བརྒྱུད་ཁྲེང་ཏུའུ་རྒྱལ་སྤྱིའི་ལྕགས་ལམ་གྲུ་ཁར་འབྱོར་བ་རེད། འདི་ནི་སྨི་ལན་དང་། ལཱ་སི་ཕེ་ཆི་ཡཱ། རེ་ནཱ་ཡཱ་བཅས་བབས་ཚུགས་ཀྱི་རྗེས་སུ་གསར་དུ་བསྐྲུན་པའི་དབྱི་ཐ་ལིའི་བབས་ཚུགས་བཞི་པ་དེ་ཡིན་ཞིང་། དེ་ནས་བཟུང་། ཁྲེང་ཏུའུ་རྒྱལ་སྤྱིའི་དུས་གཏན་མེ་འཁོར་གྱི་རྒྱལ་ཕྱིའི་བབས་ཚུགས་119བར་མང་དུ་ཕྱིན་ཡོད་པ་རེད།