2024ལོའི་ཟླ་12ཚེས་30ཉིན། ཉིང་པོའོ་ཀྲོའུ་ཧྲན་གྲུ་ཁ་ནས་འཇར་མན་གྱི་ཝུའེ་ལེན་གྲུ་ཁའི་བར་གྱི་ཐད་སྐྱོད་མཚོ་ལམ“ཀྲུང་ཡོའི་མྱུར་འགྲུལ”ཤར་གཏོང་ཐུབ་པ་དང་། ནུས་རྒྱུ་གསར་པའི་ཐོན་རྫས་དང་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་གྱི་དངོས་ཟོག་དོས་སྒམ་1700ལྷག་ཙམ་བླུགས་པའི“ཅཱ་ཧྭ་ཉིང་པོའོ”རྟགས་ཅན་གྱི་གྲུ་གཟིངས་སྐྱོད་ཐེངས་དང་པོ་དེ་ཉིང་པོའོ་ཀྲོའུ་ཧྲན་གྲུ་ཁ་ནས་ཐོན་ཏེ། ཐད་ཀར་འཇར་མན་གྱི་ཝུའེ་ལེན་གྲུ་ཁར་བསྐྱོད་པ་རེད། དེ་སྔའི་མཚོ་ལམ་དང་བསྡུར་ན་ལམ་བར་གྱི་དུས་ཡུན་ཉིན་12ཙམ་ཐུང་དུ་ཕྱིན་ནས། འབྲི་ཆུའི་ཟུར་གསུམ་ཁུལ་ནས་ཡོ་རོབ་བར་གྱི་ཐད་སྐྱོད་མཚོ་ལམ་མགྱོགས་ཤོས་སུ་གྱུར་ཡོད་པ་རེད། འདི་ནི་ཉིན་དེར་ཉིང་པོའོ་ཀྲོའུ་ཧྲན་གྲུ་ཁའི་ཁྲོན་ཧྲན་གྲུ་ཁར་བཞག་པའི“ཀྲུང་ཡོའི་མྱུར་འགྲུལ”ནས་ཐེངས་དང་པོར་སྐྱོད་མཁན“ཅཱ་ཧྭ་ཉིང་པོའོ”རྟགས་ཅན་གྱི་གྲུ་གཟིངས་ཡིན་པ།