ཤིན་ཧྭ་གསར་འགྱུར་ཁང་སེ་རི་པེ་ཀ་མཚོ་ཁུག་གྲོང་ཁྱེར་ནས་གློག་འཕྲིན་འབྱོར་གསལ། 2024ལོའི་ཟླ་12ཚེས་31ཉིན། ཀྲུང་གོའི་རྒྱལ་ཐོན་C909ཉིང་ལག་མཁའ་ལམ་གྱི་འགྲུལ་སྐྱེལ་གནམ་གྲུ་ཞིག་ཀོང་ཀྲོའུ་པའེ་ཡུན་རྒྱལ་སྤྱིའི་གནམ་གྲུ་ཐང་ནས་ཆུ་ཚོད་3ལྷག་ཙམ་འཕུར་སྐྱོད་བྱས་རྗེས་པུ་རུ་ནེ་རྒྱལ་སྤྱིའི་གནམ་ཐང་དུ་འབྱོར་བ་དང་། འདི་ནི་ཀྲུང་གོའི་རྒྱལ་ཐོན་འགྲུལ་སྐྱེལ་གནམ་གྲུ་པུ་རུ་ནེ་རུ་འབྱོར་ཐེངས་དང་པོ་ཡིན་ལ། ཀོང་ཀྲོའུ་ནས་པུ་རུ་ནེ་རུ་ཐད་ཀར་འཕུར་སྐྱོད་བྱེད་པའི་མཁའ་ལམ་གྱི་གནམ་གྲུ་དང་པོ་དེའང་རེད།
གནམ་གྲུ་པུ་རུ་ནེ་རུ་འབྱོར་རྗེས། ས་གནས་དེ་གས་མཛད་སྒོ་གཟབ་རྒྱས་འཚོགས་ཏེ་ཀོང་ཀྲོའུ་ནས་པུ་རུ་ནེ་རུ་ཐད་ཀར་འཕུར་སྐྱོད་བྱེད་པའི་མཁའ་ལམ་གྱི་གནམ་གྲུ་དང་པོ་བདེ་བླག་འབྱོར་བར་རྟེན་འབྲེལ་ཞུས་པ་རེད། པུ་རུ་ནེ་རུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཤའོ་ཅིན་གོས་ཤིས་ཚིག་སྒྲོན་སྐབས་བརྗོད་དོན། དེ་རིང་། ཀོང་ཀྲོའུ་ནས་པུ་རུ་ནེ་བར་གྱི་མཁའ་ལམ་ཤར་གཏོང་ཐུབ་ཡོད། དེ་ཐོག་ནས་ཀྲུང་གོ་དང་པུ་རུ་ནེས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་མཉམ་སྦྲེལ་མཉམ་མཐུད་ཐད་གོམ་སྟབས་གསར་པ་སྤོས་པ་དང་། ཀྲུང་གོས་བཟོས་པའི་འགྲུལ་སྐྱེལ་གནམ་གྲུ་C909པུ་རུ་ནེ་རུ་ཐེངས་དང་པོ་བབས་པ། ཀྲུང་གོའི་མཁའ་འགྲུལ་ཀུང་སིར་པུ་རུ་ནེའི་ཁྲོམ་ར་གསར་འབྱེད་བྱེད་འདོད་ཆེན་པོ་ཡོད་པ་བཅས་མཚོན་གྱི་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། པུ་རུ་ནེ་ཡིས་ཀྲུང་གོའི་ཀོང་ཤིས་དང་ཀྲེ་ཅང་སོགས་ས་ཆ་མང་པོ་དང་མཁའ་ལམ་ཤར་གཏོང་བྱས་ཡོད་པ་རེད།
(པ་ཚེས་བསྒྱུར། པ་ཚེ་དང་པད་ཆོས་ཀྱིས་ཞུས)