ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། 2024ལོའི་ཟླ་12ཚེས་31ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག 2024ལོའི་ཀྲུང་ཧྥེའི་མཉམ་ལས་ཀྱི་བཀྲག་མདངས་འཚེར་ས་ངོ་སྤྲོད་དང་2025ལོའི་ཀྲུང་ཧྥེའི་འབྲེལ་བར་རྒྱང་ལྟ་བྱས་པ་རེད། ཁོང་གིས། 2024ལོར། འགྱུར་ལྡོག་དང་ཟང་ཟིང་མཉམ་འདྲེས་ཀྱི་རྒྱལ་སྤྱིའི་དུས་བབ་འོག ཀྲུང་ཧྥེའི་འབྲེལ་བར་གཡུར་ཟའི་གྲུབ་འབྲས་མུ་མཐུད་ཐོབ་ཡོད། 2025ལོར་རྒྱང་ལྟ་བྱས་ན། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་དང་མཉམ་དུ་དུས་རབས་གསར་པའི་རྣམ་པ་ཀུན་གྱི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པའི་ནང་དོན་ཕུན་སུམ་ཚོགས་སུ་རྒྱུན་ཆད་མེད་པར་བཏང་ནས། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།
མའོ་ཉིང་གིས། 2024ལོར། ང་ཚོས་ཀྲུང་ཧྥེའི་མཛའ་གྲོགས་ཁྱིམ་ཚང་ཆེ་མོའི་ལྷན་འཛོམས་ཆེན་པོའི་དཔང་པོ་བྱས་ཡོད། ཨ་ཧྥེ་རི་ཁའི་ཕྱི་འབྲེལ་བཙུགས་པའི་རྒྱལ་ཁབ་53ཚང་མའི་འགོ་ཁྲིད་པ་དང་། ཨ་ཧྥེ་རི་ཁའི་མནའ་འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་སོགས་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་6000ཙམ་པེ་ཅིང་དུ་འཛོམས་ནས། ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ལ་ཞུགས་པ་རེད། ང་ཚོས་ཀྲུང་ཧྥེའི་མཛའ་གྲོགས་འབྲེལ་བ་ཆེས་ཆེར་ལེགས་སུ་ཕྱིན་པའི་དཔང་པོ་བྱས་ཡོད། ཀྲུང་གོ་དང་ཕྱི་འབྲེལ་བཙུགས་པའི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཚང་མའི་ཕྱོགས་གཉིས་འབྲེལ་བ་དེ་འཐབ་ཇུས་འབྲེལ་བར་རིམ་སྤོར་བྱས་ནས། ཀྲུང་ཧྥེའི་འབྲེལ་བ་སྤྱི་ཡོངས་ནས་དུས་རབས་གསར་པའི་རྣམ་པ་ཀུན་གྱི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པའི་བར་རིམ་སྤོར་བྱུང་ཡོད་ཅེས་ངོ་སྤྲོད་བྱས།
2025ལོར་རྒྱང་ལྟ་བྱེད་སྐབས། མའོ་ཉིང་གིས་བརྗོད་དོན། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་དང་། ཀྲུང་ཧྥེའི་འགོ་ཁྲིད་པའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཧུར་ཐག་བྱས་ནས། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་དང་མཉམ་དུ་སྲིད་ཇུས་དང་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་དང་། ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་དང་མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་གཏོང་བ་བཅས་བྱས་ཐོག ཕྱོགས་གཉིས་ཀྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་དང་འབྲེལ་བའི་ཐད་བློ་བརྟན་འགྱུར་མེད་ཀྱིས་ཕན་ཚུན་རྒྱབ་སྐྱོར་མུ་མཐུད་བྱས་ནས། དུས་རབས་གསར་པའི་རྣམ་པ་ཀུན་གྱི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་ཚོགས་པའི་ནང་དོན་ཕུན་སུམ་ཚོགས་སུ་རྒྱུན་ཆད་མེད་པར་གཏོང་བ་དང་ཆབས་ཅིག ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཐུན་མོང་ཁེ་ཕན་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱས་ཏེ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད། (དམ་ཆོས་མི་ཕམ་གྱིས་བསྒྱུར། བསོད་ནམས་བདེ་སྐྱིད་ཆེ་བས་ཞུས)