《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年01月03日

རྒྱལ་ཡོངས་ཀྱི་ལྕགས་ལམ་གྱིས་གནམ་ལོ་གསར་ཚེས་ཉིན་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་ཁྲི་1150སྐྱེལ་འདྲེན་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་1ཚེས་1ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཚེས་1ཉིན། རྒྱལ་ཡོངས་ཀྱི་ལྕགས་ལམ་གྱིས་སྐྱེལ་འདྲེན་བྱེད་ཤུགས་ཆེ་རུ་བཏང་ནས་བདེ་འཇགས་འགན་སྲུང་བྱ་ཐབས་དོན་འཁྱོལ་ནན་པོ་བྱེད་པ་དང་ཞབས་ཞུའི་བྱ་ཐབས་ལེགས་སུ་བཏང་སྟེ། རྒྱ་ཆེའི་འགྲུལ་པ་རྣམས་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་འགྲོ་སྐྱོད་ཐུབ་པའི་འགན་ལེན་བྱས་ཤིང་། རྒྱལ་ཡོངས་ཀྱི་ལྕགས་ལམ་གྱིས་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་ཁྲི་1150སྐྱེལ་འདྲེན་བྱས་པ་དང་། འགྲུལ་སྐྱེལ་མེ་འཁོར་10427 བཀོད་སྒྲིག་བྱས་པ་དང་། དེའི་ནང་མེ་འཁོར་342མང་དུ་བཏང་ཡོད་པ་རེད།