《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年01月02日

མཚོ་སྔོན་གྱི་ཆུ་བཅོས་སྐྱོང་དང་དོ་དམ་ལས་དོན་ལ་ཚད་བརྒལ་གསར་པ་བྱུང་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚཌ་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། གསར་འགོད་པར“མཚོ་སྔོན་ཤེས་རྟོཌ་དང་། མཚོ་སྔོན་ལ་དགའ་ཞེན། མཚོ་སྔོན་དར་རྒྱས”བཅས་ཀྱི་མཚོ་སྔོན་ཆུ་བེད་ཐིང་གི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོཌ་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོར་མཚོ་སྔོན་ཞིང་ཆེན་གྱི་རིམ་ཁག་ཆུ་བེད་སྡེ་ཚན་གྱིས་ཆུའི་ཐོན་ཁུངས་དང་། ཆུའི་སྐྱེ་ཁམས། ཆུའི་ཁོར་ཡུག་བཅོས་སྐྱོང་བཅས་ལ་སྤྱི་འདོམས་བྱས་ཏེ། “ལས་གྲྭ་གཅིག་དང་། འཆར་གཞི་གཉིས། བྱ་སྤྱོད་ཁག་བཞི། འགན་ལེན་གཅིག”བཅས་ཀྱི་གཙོ་གནད་ལས་དོན་གྱི་བྱེད་ཐབས་ལག་བསྟར་བྱེད་པ་དམ་འཛིན་བྱ་གཞིར་བརྩིས་ནས་ཁྲིམས་ལྟར་ཆུར་བཅོས་སྐྱོང་དང་དོ་དམ་བྱས་པས། ཞིང་ཆེན་ཡོངས་ཀྱི་ཆུ་བེད་ལས་དོན་ལ་འཕེལ་རྒྱས་དང་ཚད་བརྒལ་གསར་པ་བྱུང་ཡོད།

2024ལོར། ཞིང་ཆེན་ཡོངས་ཀྱི་ཆུའི་ཐོན་ཁུངས་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་855.38བར་འཕར་བ་དེ་ལོ་གོང་མ་ལས་17.9%མང་དུ་ཕྱིན་པ་དང་ལོ་མང་གི་ཆ་སྙོམས་ལས་32.9%མང་དུ་ཕྱིན་ཡོད། ས་ངོས་ཀྱི་ཕྱིར་འབབ་ཆུ་བོའི་བཞུར་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་732.4ཟིན་པ་དེ་ལོ་གོང་མ་ལས་11.2%མང་དུ་ཕྱིན་པ་དང་ལོ་མང་གི་ཆ་སྙོམས་ལས་21.9%མང་དུ་ཕྱིན་ཡོད། ས་ཆུ་ཤོར་བར་བཅོས་སྐྱོང་བྱས་པའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་308ཟིན་པ་དང་ས་ཆུ་སྲུང་འཛིན་ཐུབ་ཚད་77.4%བར་མཐོ་རུ་ཕྱིན་ནས་ཆུའི་སྐྱེ་ཁམས་སྲུང་སྐྱོང་གི་ཕན་འབྲས་མངོན་གསལ་དོད་དུ་ཕྱིན་ཡོད།

“འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི”ལས་གྲྭ་འཛུགས་སྐྲུན་བྱེད་པ་ནས་ཐོན་སྐྱེད་བྱེད་འགོ་ཚུགས་ནས་ཕན་འབྲས་ཐོན་ཞིང་། མུའུ་ཁྲི་100.49(མུའུ་1≈སྤྱི་ཆིང་0.0667)གྱི་ཞིང་ནང་གི་ལེ་ལག་ཚང་བའི་རྣམ་གྲངས་ལ་ཆུ་མཁོ་འདོན་གྱི་ཆ་རྐྱེན་འཛོམས་ནས་ཟི་ལིང་གྲོང་ཁྱེར་གྱི་ཉིན་རེའི་སྤུས་ལེགས་ཆུ་སྨི་རྒྱ་དཔངས་གྲུ་བཞི་ཁྲི་30ཡི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད། ནོ་མུའུ་ཧུང་དང་ཧྲི་ཧ་ལུང་སོགས་ཆུ་མཛོད་འབྲིང་ཆུང་9འཛུགས་སྐྲུན་གྱི་མྱུར་ཚད་རྒྱུན་མཐུད་མགྱོགས་སུ་བཏང་ཡོད། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་ཚྭ་འདམ་གཤོང་སའི་ཆུའི་ཐོན་ཁུངས་བཀོད་སྒྲིག་གི་དུས་ཐེངས་དང་པོ་དང་། ཞུས་ཅུས་ཞ་ཆུ་མཛོད་ཀྱི་གཏེར་ལེན་ཁའི་ཆུ་མཁོ་འདོན་ལས་གྲྭ། མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཁུལ་དབྱང་ཅ་འཐུང་ཆུ་འདོན་ཁང་དང་ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་ཏ་ཧོ་ཐན་ཆུ་འདོན་ཁང་སོགས་གྲོང་ཁྱེར་དང་གྲོང་རྡལ་གྱི་ཞིང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཅན་གྱི་རྣམ་གྲངས་འཛུགས་སྐྲུན་བྱེད་འགོ་ཚུགས་ནས་ཞིང་ཆེན་ཡོངས་ཀྱི་ཆུ་དྲ་འཛུགས་སྐྲུན་བྱེད་རིམ་མགྱོགས་སུ་བཏང་ཡོད།

རིམ་རྩིས་བརྒྱབ་ན་ཆུ་བེད་རྣམ་གྲངས་471འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་མ་དངུལ་བསྡོམས་སྒོར་དུང་ཕྱུར་243.2བཏང་བ་དེས་ཉེ་བའི་ལོ་གསུམ་རིང་གི་ཟིན་ཐོ་མཐོ་