《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年01月02日

ཁྲེང་ཏུའུ་ཐེན་ཧྥུའུ་རྒྱལ་སྤྱིའི་གནམ་ཐང་གི་མྱུར་སྐྱེལ་དངོས་ཟོག་ལྟེ་གནས་སྤྱོད་འགོ་ཚུགས་པ།

2024ལོའི་ཟླ་12ཚེས་30ཉིན། ཁྲེང་ཏུའུ་ཐེན་ཧྥུའུ་རྒྱལ་སྤྱིའི་གནམ་ཐང་གི་མྱུར་སྐྱེལ་ལྟེ་གནས་སྤྱོད་འགོ་ཚུགས་པ་དེ་ཐོག་ནས་མྱུར་སྐྱེལ་དངོས་ཟོག་དང་ཁོངས་བརྒལ་དྲ་ཐོག་ཚོང་ཟོག་ཐེན་ཧྥུའུ་གནམ་ཐང་ནས་ཐད་ཀར་ཕྱིར་གཏོང་ནང་འདྲེན་ཐུབ་པ་མཚོན་གྱི་ཡོད། མྱུར་སྐྱེལ་དངོས་ཟོག་ལྟེ་གནས་དེ་གནམ་ཐང་གི་རྒྱལ་སྤྱིའི་ཟོག་འདྲེན་ཁུལ་དུ་གནས་ཤིང་། རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་1.3ཡོད་པ་དང་ལྟ་བཤེར་ལམ་ཐིག་4བཙུགས་ཡོད་པ་རེད། འདི་ནི་2024ལོའི་ཟླ་12ཚེས་30ཉིན་ཁྲེང་ཏུའུ་ཐེན་ཧྥུའུ་རྒྱལ་སྤྱིའི་གནམ་ཐང་གི་མྱུར་སྐྱེལ་དངོས་ཟོག་ལྟེ་གནས་སུ་ལས་དོན་པས་མྱུར་སྐྱེལ་དངོས་ཟོག་ལ་ལྟ་བཤེར་བྱེད་བཞིན་པ།