《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》





2025年01月01日

མཚོ་སྔོན་གྱི་སྨན་བཅོས་འགན་བཅོལ་གྱི“ངོ་བཤེར”བསྡོམས་རྩིས་སྤྱོད་ཚད་རྒྱལ་ཡོངས་སུ་མང་ཤོས་ཟིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། གསར་འགོད་པར་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་འགན་སྲུང་ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར།2024ལོར་མཚོ་སྔོན་གྱི་སྨན་བཅོས་འགན་བཅོལ་གྱི་ཞབས་འདེགས་ཞུ་ནུས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས། སྨན་བཅོས་འགན་བཅོལ་གྱི་ཆ་འཕྲིན་མ་ལག་ཁྱབ་ཁོངས་ཡོངས་དང་ནུས་པ་ཡོངས་ཀྱི་ཐོག་ནས་རྒྱལ་ཡོངས་སུ་དྲ་ཐོག་ཏུ་ཐོག་མར་སྤྱོད་འགོ་ཚུགས་པའི་རྨང་གཞིའི་ཐོག “རིག་ལྡན་སྨན་བཅོས་འགན་བཅོལ”འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། རིམ་རྩིས་བརྒྱབ་ན། མི་ཐེངས་ཁྲི་600ལྷག་ཙམ་གྱི་སྨན་བཅོས་འགན་བཅོལ་རྩ་གཉིས་ཨང་རྟགས་སྤྱོད་ཐུབ་པར་བྱས་པས་རྒྱལ་ཡོངས་སུ་སྔོན་ལ་ཁྱོན་ཡོངས་ནས་ཁྱབ་ཐུབ་པ་བྱུང་ཡོད། “ངོ་བཤེར”བསྡོམས་རྩིས་ཞབས་ཞུ་དེ་རིམ་པ་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་དང་སིལ་ཚོང་སྨན་རྫས་ཚོང་ཁང་དུ་གཞི་རྩའི་ཆར་ཁྱོན་ཡོངས་ལ་ཁྱབ་ནས་སྤྱོད་ཚད་རྒྱལ་ཡོངས་སུ་མཐོ་ཤོས་ཡིན་པ་རེད།

ཞིང་ཆེན་བསྒྲལ་ནས་གཞན་ཡུལ་དུ་སྨན་པ་བསྟེན་པར་རྒྱུན་མཐུད་སྐུལ་འདེད་བཏང་བས། ཐད་ཀར་བསྡོམས་རྩིས་རྒྱག་ཚད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད། སྨན་བཅོས་འགན་བཅོལ་ལས་སྒོ་དྲ་ཐོག་དང་ལག་ཐོག་ཏུ་སྒྲུབ་གཉེར་བྱེད་རྒྱུ་ཁྱབ་གདལ་ཤུགས་ཆེན་བཏང་བས། སྲིད་དོན་ཞབས་ཞུའི་དོན་དག་དྲ་ཐོག་ཏུ་སྒྲུབ་ཚད་95%ཡན་ཟིན་ནས། སྨན་བཅོས་འགན་བཅོལ་གྱི་ལས་སྒོ་མང་ཆེ་བ་གྲོང་ཚོ་དང་ཁྱིམ་ནས་ཐོན་མི་དགོས་པར་སྒྲུབ་ཐུབ་ཀྱི་ཡོད། སྨན་བཅོས་འགན་བཅོལ་གྱི་གྲངས་གཞི་བཅོས་སྐྱོང་ལ་དུས་གཅིག་ཏུ་སྐུལ་འདེད་བཏང་ནས་བསྡོམས་རྩིས་གྲངས་གཞིའི་སྤུས་ཚད་མཐོ་རུ་བཏང་ཡོད། དྲ་ཐོག་ཞབས་ཞུ་ཕུན་སུམ་ཚོགས་སུ་དང་འཐུས་སྒོ་ཚང་དུ་བཏང་བ་དང་ཆབས་ཅིག དྲ་ཕྱིའི་ཞབས་ཞུ་ལེགས་སུ་དང་རྒྱ་སྐྱེད་བཏང་ནས་ཤང་དང་གྲོང་རྡལ་གྱི་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས་དང་། ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་། གྲོང་ཚོའི“ཨུ་ལྷན་གཉིས” གྲོང་ཚོའི་འཕྲོད་བསྟེན་ཁང་། དངུལ་ཁང་གི་དྲ་ཚུགས། ཚོང་ལས་འགན་བཅོལ་སྒྲིག་གཞི། སྨན་ཁང་གི་སྨན་རྫས་ཚོང་ཁང་སོགས་ཀྱི་ཐོན་ཁུངས་ལ་བརྟེན་ནས་སྨན་བཅོས་འགན་བཅོལ་གཞི་གཅིག་ཅན་གྱི་ཞབས་ཞུའི་དྲ་ཚུགས་ཚན་རིག་དང་མཐུན་པའི་ངང་བཙུགས་པ་དང་། སྐར་མ་15ཡི་སྨན་བཅོས་འགན་བཅོལ་གྱི་དམངས་ཕན་ཞབས་ཞུའི་འཁོར་རྒྱ་གཞི་རྩའི་ཆར་བསྐྲུན་ཡོད་པ་རེད།

(པ་ཚེས་བསྒྱུར། པ་ཚེ་དང་པད་ཆོས་ཀྱིས་ཞུས)