《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月31日

ཏང་གི་སྒྲིག་ཁྲིམས་ནི“འཆིང་སྔགས”ཤིག་རེད་ལ“སྲུང་འཁོར”ཞིག་དེ་བས་རེད།

ལིའུ་ཅིན་ཀྲེ།

“དོ་དམ་ནན་དྲགས་ན་བག་ཡངས་པོས་ལས་ཀ་བྱེད་མི་ཐུབ་པ”དང“ལས་ཀ་མང་ན་ནོར་འཁྲུལ་མང་། དེ་ལས་ལས་ཀ་མ་བྱས་ན་དགའ”ཞེས་པ་སོགས······· ལས་དོན་དངོས་ཀྱི་ཁྲོད་ཏང་ཡོན་ལས་བྱེད་པ་རྣམས་སྤྱིར་ན་ཧུར་བརྩོན་དང་རང་འགུལ་ཆེན་པོ་ཡོད་མོད། འོན་ཀྱང་མི་ཉུང་ཤས་ཤིག་གིས་འགན་འཁྲི་མི་འཁུར་བ་དང་བྱས་རྗེས་མི་འཇོག་པར་ཁ་གཡར་ས་བཙལ་བའམ་ཡང་ན་བྱས་ཚད་ནོར་སྐྱོན་ཐོན་དོགས་ཀྱིས་སེམས་ཁྲལ་བྱས་ཏེ། བག་ཡངས་པོས་ལས་ཀ་བྱེད་ཕོད་ཀྱི་མེད། འདི་ནི་ཏང་གི་སྒྲིག་སྲོལ་དང་ཏང་གི་སྒྲིག་ཁྲིམས་ལ་གོ་ནོར་ཐེབས་པ་ཞིག་རེད་ལ། ངོས་འཛིན་ཐད་ལའང་ནོར་འཛོལ་བྱུང་བ་ཞིག་རེད།

ཉེ་ཆར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་འཚོགས་པའི་དམངས་གཙོའི་འཚོ་བའི་ཚོགས་འདུའི་ཐོག“ཏང་གི་སྒྲིག་ཁྲིམས་ལ་སློབ་གསོ་དང་གཅུན་སྡོམ་གྱི་ནུས་པ་ལྡན་ལ། འགན་ལེན་དང་སྐུལ་ལྕག་གི་ནུས་པ་ཡང་ཡོད”ཅེས་གསུངས་ཡོད། རིགས་པས་ཁུངས་སྐྱེལ་གལ་ཆེན་བྱས་པ་འདི་ལས་སྤྱོད་གཙང་ལས་སྒྲུབ་ཀྱི་ལས་བྱེད་པར“སེམས་རྣལ་རིལ་བུ”ཞིག་སྦྱིན་ཡོད།

ཏང་གི་སྒྲིག་ཁྲིམས་ནི“འཆིང་སྔགས”ཤིག་ཡིན་ལ། “སྲུང་འཁོར”ཞིག་དེ་བས་རེད། དེས་ན་བློ་རྩ་བརྟན་པོ་མེད་པ་དང་རུལ་སུངས་ཀྱི་བསླད་སྐྱོན་ཤོར་སླ་བ་ཞིག་གི་ངོས་ནས་བརྗོད་ན། ཏང་གི་སྒྲིག་ཁྲིམས་ནི་གློག་ཆེན་ཞིག་དང་། བཀག་སྡོམ་ཁུལ། འབར་རྫས་སྦས་ཁུལ་བཅས་རེད། སྤྱོད་གཙང་ལས་སྒྲུབ་བྱེད་མཁན་ཞིག་གི་ངོས་ནས་བརྗོད་ན། ཏང་གི་སྒྲིག་ཁྲིམས་ནི་བདེ་འཇགས་ཀྱི་འགོག་སྲུང་ལྕགས་དྲ་ཞིག་ཡིན་ཞིང་། བདེ་འཇགས་ཀྱི་ཚད་གཞིའི་ནང་བྱ་སྤྱོད་སྤེལ་ཚེ་ལས་སྒྲུབ་ལས་གཏོད་ལ་རང་དབང་ཆེན་པོ་དང་བར་མཐོངས་ཆེན་པོ་ཡོད།

ཏང་གི་སྒྲིག་སྲོལ་དང་ཏང་གི་སྒྲིག་ཁྲིམས་ནི“བློ་ཆུང་བག་འཁུམ”གྱི་ཁ་གཡར་ས་ཞིག་གཏན་ནས་མིན་པ་དང་། རུལ་སུངས་ལ་ངོ་རྒོལ་བྱེད་པ་ནི“ལས་ཀ་བྱེད་མི་ཕོད་པའི”རྒྱུ་མཚན་ཞིག་གཏན་ནས་མིན། ཁོག་རུལ་ངན་གྱུར་དུ་གྱུར་པའི་རུལ་སུངས་པར་སྙིང་རྗེ་གཏན་ནས་བྱ་རྒྱུ་མེད། སྤྱོད་གཙང་ལས་སྒྲུབ་བྱེད་མཁན་བློ་མཐུན་ཚོར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས། ཕྱི་ལོའི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་ཧ་ཅང་ལྕི་པོ་ཡོད། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་ནས། ཏང་འདི་ཉིད་དེ་བས་འགྱུར་མེད་སྟོབས་ལྡན་དང་སྐྱེ་སྟོབས་དང་གསོན་ཤུགས་ལྡན་པར་འགྱུར་བ་བྱེད་དགོས། ཕྱོགས་སྟོན་ཁ་གསལ་བཟོས་ཏེ་སྒྲིག་བཀུར་ཁྲིམས་སྲུང་དང་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་ཕོད་མཁན་ཚོར་རྒྱབ་སྐྱོར་དང་སྐུལ་ལྕག་བྱས་ཏེ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱེད་པའི་གསོན་ཉམས་ལྡན་པའི་རྣམ་པ་ཞིག་ཆགས་པར་སྐུལ་འདེད་གཏོང་དགོས།

(པད་ཆོས་ཀྱིས་བསྒྱུར། པ་ཚེས་ཞུས)