ཀྲུང་ཡོའི་དུས་གཏན་མེ་འཁོར་2011ལོའི་ཟླ་གསུམ་པ་ནས་གཏོང་འགོ་ཚུགས་ཚུན། ཀྲུང་ཡོའི་དུས་གཏན་མེ་འཁོར་ཀྱིས་དེང་རབས་ཀྱི“དར་གོས་ལམ་བུར”གྱུར་པའི་ཀྲུང་གོའི་གྲེང་ཁྱེར་125དང་ཡོ་རོབ་ཀྱི་རྒྱལ་ཁབ་25ཡི་གྲོང་ཁྱེར་227ལ་སྐྱོད་ཐུབ་པ་དང་། 2023ལོར་མེ་འཁོར་གཏོང་ཐེངས་ཁྲི་1.7ལྷག་ཙམ་མང་དུ་ཕྱིན་ཏེ་གཙོ་བོར་མཚོ་ཐོག་ནས་དབོར་བ་ལས་མགྱོགས་ལ་མཁའ་ཐོག་ནས་དབོར་བ་ལས་རིན་གོང་དམའ་བའི་ལེགས་ཆ་མངོན་གསལ་ཐོན་ཡོད།
ཀྲུང་གོ་དང་ཧ་སག་སི་ཐན་གྱི་ཧོར་གོ་སི་རྒྱལ་སྤྱིའི་མཐའ་མཚམས་མཉམ་ལས་ལྟེ་གནས་ནི་ཀྲུང་གོ་དང་ཧ་སག་སི་ཐན་གཉིས་ཀྱི་མཐའ་མཚམས་སྒྲོལ་སར་གནས་ཡོད་པས། དེ་གར་ཡུལ་སྐོར་བ་ཚོའི་པར་རྒྱག་སར་འགྱུར་ཡོད་པ་རེད། སྨྱན་སྦྱོར་གྱིས་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོའི་ཟླ་དང་པོ་ནས་བཅུ་པ་བར། ཀྲུང་གོ་དང་ཧ་སག་སི་ཐན་གྱི་ཧོར་གོ་སི་རྒྱལ་སྤྱིའི་མཉམ་ལས་མཐའ་མཚམས་ལྟེ་གནས་ནས་འགྲོ་འོང་བྱེད་མཁན་མི་ཐེངས་ཁྲི་600ལྷག་ཙམ་ཟིན་ཡོད།
དེ་གར་བསྐྲུན་པའི་རྒྱལ་སྤྱིའི་ཚོང་གྲོང་ནི་དབྱི་ཝུའུ་ཚོང་གྲོང་དང་འདྲ་ཞིང་། དེའི་ནང་གི་ཁྲོམ་བཀྱག་སྟེང་ཉིན་མཁོའི་བརྒྱ་ཟོག་དང་། ITཐོན་རྫས། གློག་ཆས། གྱོན་ཆས་སོགས་ཚོང་ཟོག་སྣ་ཚོགས་འཚོང་གི་ཡོད།
ལོ་20ལ་སླེབས་པའི་ཧ་སག་རིགས་ཀྱི་ཕོ་གཞོན་ཧ་ཉིས“ང་འདིའི་ཉེ་འཁོར་ལ་སྐྱེས་པས། ཆུང་དུས་ནས་ཁྱིམ་མི་དང་མཉམ་དུ་རང་ཁྱིམ་ཀོང་ཀྲོའུ་ལ་སྤོས་ནས་ཚོང་རྒྱག་གི་ཡོད། ཉེ་ཆར་ཧོར་གོ་སིའི་ཚོང་དོན་འཁྲུག་ཆ་ཧ་ཅང་དོད་པོ་ཡོད་ཚུལ་ཤེས་ནས་འདིར་ལས་གཏོད་བྱ་རྒྱུའི་ཐག་བཅད་དེ་ཚོང་གི་གོ་སྐབས་ཤིག་རག་པའི་རེ་བ་བྱེད་ཀྱི་ཡོད”ཅེས་གསར་འགོད་པར་བཤད་བྱུང་།
—— 《རི་པིན་གྱི་དཔལ་འབྱོར་གསར་འགྱུར》ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།
(པ་སངས་ཚེ་རིང་གིས་སྒྱུར་ཞུས་བྱས)