《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月30日

གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་དང་། ཏང་ཡོན་རྒན་གྲས། ལས་བྱེད་པ་རྒན་གྲས་བཅས་ལ་འཚམས་འདྲི་བྱེད་དགོས་པའི་བླང་བྱ་བཏོན་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་12ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་བརྡ་ཐོ་བཏང་སྟེ། རིམ་ཁག་ཏང་རྩ་འཛུགས་ཀྱིས་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་དང་། ཏང་ཡོན་རྒན་གྲས། ལས་བྱེད་པ་རྒན་གྲས་བཅས་ལ་འཚམས་འདྲི་བྱས་ནས་རྒྱ་ཆེའི་ཏང་ཡོན་དང་། ལས་བྱེད་པ། མི་དམངས་མང་ཚོགས་བཅས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་དྲོ་སྐྱིད་ཚོར་ཐུབ་པ་དང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་སེམས་ནུས་གཅིག་སྒྲིལ་དང་སྙིང་སྟོབས་ཆེར་སྐྱེད་ཀྱིས་ཡར་རྒྱས་བརྩོན་ལེན་བྱ་རྒྱུར་སྔར་བས་སྐུལ་ལྕག་བྱས་ཏེ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་དང་། སྤུས་ཚད་མཐོན་པོས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དམིགས་ཚད་དང་ལས་འགན་ལེགས་སྒྲུབ་བྱེད་པ་དང་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་ཁྲོད་ནུས་པ་ཧུར་ཐག་འདོན་དགོས་པའི་བླང་བྱ་བཏོན་ཡོད།

བརྡ་ཐོའི་ནང་འཚམས་འདྲི་ཡོངས་ཁྱབ་ངང་བྱེད་དགོས་ཤིང་། འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་དང་། ཏང་ཡོན་རྒན་གྲས། ལས་བྱེད་པ་རྒན་གྲས་བཅས་ཀྱི་གཞི་རྩའི་གནས་ཚུལ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་དང་ཁོང་ཚོའི་བསམ་བློའི་འགུལ་རྣམ་དང་འདུན་པ་ཤེས་རྟོགས་བྱས་ཏེ། ནུས་ཤུགས་ཡོད་རྒུས་དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་ཀྱིས“མི་གཅིག་ལ་འཚམས་འདྲི་བྱས་ནས། དུད་ཚང་གཅིག་ལ་དྲོ་སྐྱིད་སྦྱིན་པ་དང་ཡུག་གཅིག་ལ་སྐུལ་ཁྲིད་ཐུབ་པ”བཅས་ཀྱི་ཕན་འབྲས་བཟང་པོ་ཧུར་ཐག་ཐོན་པར་བྱེད་དགོས། ཀྲུང་གོ་གསར་པ་དབུ་མ་བརྙེས་གོང་ཏང་ནང་ཞུགས་པའི་ཏང་ཡོན་རྒན་གྲས་རྣམས་ལ་ཡོངས་ཁྱབ་ངང་འཚམས་འདྲི་བྱེད་དགོས། གཞི་རིམ་གྱི་ལས་བྱེད་པ་དང་། ལྷག་པར་དུ་ཆ་རྐྱེན་ཞན་པའི་ས་ཁུལ་དང་དཀའ་ཉེན་བྲེལ་ལྕིའི་ལས་འགན་སྒྲུབ་བཞིན་པའི་འཐབ་ས་དང་པོའི་བློ་མཐུན་རྣམས་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་དགོས། གཞུང་དོན་ཁྲོད་རང་སྲོག་ཤོར་བའི་ཏང་ཡོན་ལས་བྱེད་པའི་ནང་མིར་འཚམས་འདྲི་བྱེད་པ་དང་། ལྟ་རྟོག་དང་རོགས་སྐྱོར་བྱེད་པ། ཡུན་རིང་རོགས་སྐྱོར་བྱེད་པ་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས། “སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས”དང་། “བདུན་གཅིག་གཟེངས་རྟགས”བཅས་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་དང་རྒྱལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་རྒྱལ་ཡོངས་ཀྱི་ཕུལ་བྱུང་ཏང་དོན་ལས་དོན་པའི་འབྲེལ་ཡོད་ཐོབ་ཐང་དོན་འཁྱོལ་དང་། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) འཚམས་འདྲིའི་ལས་དོན་ཡག་པོ་བསྒྲུབ་དགོས། འཚམས་འདྲིའི་ཁྱབ་ཁོངས་འོས་འཚམ་གྱིས་རྒྱ་ཆེར་བཏང་སྟེ་རྒྱུན་ལྡན་གྱི་ལས་གནས་ནས་བྲལ་བའི་གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་། གྲོང་མི(སྡེ་ཁུལ)ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། དེ་བཞིན་ནད་གཞིས་རྐྱེན་པས་དབུལ་པོར་གྱུར་བའི་དམིགས་བསལ་དཀའ་ངལ་ཡོད་པའི་མང་ཚོགས་སོགས་ལ་སེམས་ཁུར་དང་རོགས་རམ་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་པ། གསར་དུ་ལས་ཞུགས་ཐུབ་པའི་ཚོགས་སྤྱིའི་ཁྲོད་ཀྱི་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་ལ་འཚམས་འདྲི་བྱེད་པ་དང་། དཀའ་ངལ་དངོས་འབྲེལ་ཡོད་པའི་གཞི་རིམ་གྱི་ཏང་དོན་ལས་དོན་པར་ཡང་འཚམས་འདྲི་བྱེད་དགོས། ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཀྲུང་དབྱང་གིས་ཚབ་ཞུས་ནས་དོ་དམ་བྱེད་པའི་ཏང་དངུལ་ཁྲོད་ནས་འཚམས་འདྲིའི་ཆེད་སྤྱོད་མ་དངུལ་གཏོང་བ་དང་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས(ཁོངས་གཏོགས)ལེ་ལག་ཚང་བའི་མ་དངུལ་གང་མགྱོགས་དོན་འཁྱོལ་བྱས་ནས་དཔྱིད་གསར་དུས་ཆེན་གོང་འཚམས་འདྲི་བྱ་ཡུལ་གྱི་ལག་ཏུ་སྤྲོད་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་བཏོན་ཡོད།

བརྡ་ཐོའི་ནང་ལས་བྲལ་དང་རྒན་ཡོལ་ཞུ་མཁན་ལས་བྱེད་པའི་ཐོབ་ཐང་དང་ཏང་ཡོན་རྒན་གྲས་ཀྱི་འཚོ་བའི་ཁ་གསབ་དོན་འཁྱོལ་བྱེད་དགོས་ཤིང་། ཉེ་བའི་ལོ་ཤས་རིང་བཏོན་པའི་ལས་བྲལ་དང་རྒན་ཡོལ་ཞུ་མཁན་ལས་བྱེད་པ་ཁག་གཅིག་གི་སྨན་བཅོས་ཐོབ་ཐང་མཐོ་རུ་གཏོང་བ་དང་། ལས་བྲལ་དང་རྒན་ཡོལ་ཞུ་མཁན་ལས་བྱེད་པའི་འཚོ་བའི་ཁ་གསབ་ཚད་གཞི་མཐོ་རུ་གཏོང་བ། ལས་བྲལ་དང་རྒན་ཡོལ་ཞུ་མཁན་ལས་བྱེད་པའི་གཡོག་བྱེད་གྲོན་དངུལ་མཐོ་རུ་གཏོང་བ། ལས་བྲལ་དང་རྒན་ཡོལ་ཞུ་མཁན་ལས་བྱེད་པའི་ལས་བྲལ་དང་རྒན་ཡོལ་ཞུ་མཁན་གྱི་གྲོན་དངུལ་མང་དུ་གཏོང་བ་སོགས་ཀྱི་སྲིད་ཇུས་ལག་བསྟར་ནན་པོ་དང་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་ནན་པོ་བྱས་ནས་གནད་དོན་ཤེས་རྟོགས་བྱུང་འཕྲལ་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས། ཀྲུང་གོ་གསར་པ་དབུ་མ་བརྙེས་གོང་ཏང་ནང་ཞུགས་པའི་གྲོང་གསེབ་ཀྱི་ཏང་ཡོན་རྒན་གྲས་དང་ལས་བྲལ་དང་རྒན་ཡོལ་ཞུས་པའི་ཐོབ་ཐང་ལོངས་སུ་སྤྱད་མེད་པའི་གྲོང་ཁྱེར་དང་གྲོང་རྡལ་གྱི་ཏང་ཡོན་རྒན་གྲས་ལ་འཚོ་བའི་ཁ་གསབ་སྤྲོད་པའི་ལས་དོན་ཞིབ་ཚགས་ངང་ལེགས་པར་བསྒྲུབ་དགོས་པའི་བླང་བྱ་བཏོན་ཡོད།

བརྡ་ཐོའི་ནང་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་འཚམས་འདྲི་བྱེད་པ་དེ་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་རྒྱུར་ཁྲིད་སྟོན་བྱེད་དགོས་ཤིང་། རིམ་ཁག་འགོ་ཁྲིད་ལས་བྱེད་པས་དམངས་ལ་བརྩེ་སེམས་འཆང་ཤུགས་ཆེ་རུ་བཏང་ནས་སྣེ་ཁྲིད་ཀྱིས“གཞི་རིམ་དུ་སྐྱོད་པ་བཞི”ལག་བསྟར་བྱས་ཏེ་ཏང་ཡོན་དང་། ལས་བྱེད་པ། མང་ཚོགས་བཅས་ཀྱི་སེམས་གཏམ་ཉན་ནས་ལྷག་བསམ་རྣམ་དག་ངང་ཁོང་ཚོར་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་རོགས་བྱེད་དགོས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་དོན་དངོས་དང་ཟུང་འབྲེལ་གྱིས་རང་འགུལ་ངང་མང་ཚོགས་དང་འབྲེལ་གཏུག་དང་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་། ནུས་པས་ལྕོགས་ཚོད་ཀྱིས་མང་ཚོགས་ཀྱི་དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་བྱེད་དགོས། སྒྲིག་ཁྲིམས་ཀྱི་བླང་བྱ་ནན་པོ་བསྲུངས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེ་བཞིན་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་སྙིང་རུས་ལྷོད་མེད་ཀྱིས་དོན་འཁྱོལ་བྱེད་པ་དང་། མི་ཉུང་སྟབས་བསྡུས་ལ་དོ་སྣང་དང་ཧུར་བརྩོན་གྲོན་ཆུང་དར་སྤེལ་གཏོང་བ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་དོར་གང་ཐུབ་བཅས་བྱེད་དགོས། འཚམས་འདྲིའི་དངུལ་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ནས་ཉེ་དགའ་ཕྱོགས་ཞེན་བཀག་འགོག་དང་ཕྱོགས་མང་པོར་འཚམས་འདྲི་དང་འཚམས་འདྲི་ཡང་སྐོར་བསྐྱར་སྐོར་བྱ་རྒྱུ་བཀག་འགོག་བྱེད་དགོས། དུས་ཆེན་རིང་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་བ་དང་། བདེ་འཇགས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱེད་པ། འགལ་ཟླ་དང་རྩོད་གཞི་ཞིབ་བཤེར་ཐག་གཅོད་གཏིང་ཟབ་བྱེད་པ་སོགས་ཀྱི་ལས་དོན་ཁག་སྤྱི་འདོམས་བྱས་ནས། མི་དམངས་མང་ཚོགས་ཚོས་དགའ་སྤྲོ་དང་འཆམ་མཐུན་ངང་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་གཏོང་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་བྱས་ཡོད།