ཉེ་ཆར། “ཀྲུང་གོ་ཚོང་སྐུལ་ཨུ་ལྷན”(ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ)རིག་གནས་བསམ་བཀོད་འགྲེམས་སྟོན་ཏི་པའེ་འཛམ་གླིང་དངོས་མང་སྟོན་ཚོགས་གྲོང་གི་ཀྲུང་ཨ་དཔལ་འབྱོར་ཚོང་དོན་ལྟེ་གནས་སུ་སྤེལ་བ་རེད། ཐེངས་འདིའི་འགྲེམས་སྟོན་ནི་ཀྲུང་གོ་རྒྱལ་སྤྱིའི་ཚོང་དོན་སྐུལ་སྤེལ་ཨུ་ལྷན་གྱིས་གཙོ་གཉེར་བྱས་པ་དང་། ཀྲུང་གོའི་རིག་གནས་བསམ་བཀོད་ཁེ་ལས་དང་སྒྲིག་གཞི་30ལྷག་ཙམ་འགྲེམས་སྟོན་ལ་ཞུགས་ཡོད། འགྲེམས་སྟོན་དེའི་ནང་ཀྲུང་གོའི་སྲོལ་རྒྱུན་རིག་གནས་དང་། དེང་རབས་འཆར་འགོད། སྒྱུ་རྩལ་གསར་གཏོད་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད། འདི་ནི་ཡུལ་དེ་གའི་ལྟད་མོ་བས་འགྲེམས་སྟོན་སྐབས་གནའ་བོའི་ཕོ་བྲང་གི་རིག་གནས་བསམ་བཀོད་ཀྱི་ཇ་སྣོད་ལ་ལྟ་བཞིན་པ།