■ ད་ཐེངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཐོག་ཏང་ཡོན་དང་ལས་བྱེད་པ་ཁག་གཅིག་གིས་ཏང་གི་སྒྲིག་སྲོལ་དང་ཏང་གི་སྒྲིག་ཁྲིམས་ལ་དོ་སྣང་མི་བྱེད་པ་དང་། རྒྱུས་མངའ་མི་ལོན་པ། ཁོང་དུ་མི་ཆུད་པ་སོགས་ཀྱི་གནད་དོན་ཐག་གཅོད་ཤུགས་ཆེན་བྱས་ཡོད། རིམ་ཁག་ཏང་རྩ་འཛུགས་དང་འགོ་ཁྲིད་ཚན་ཁག་གིས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་དམ་འཛིན་ནན་པོ་བྱ་རྒྱུར་སྐུལ་འདེད་བཏང་བ་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་རང་རྟོགས་ངང་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་ཁུར་ཕོད་པ་བཅས་ལ་སྐུལ་འདེད་བཏང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་སྒྲིག་ཁྲིམས་དང་སྒྲིག་ལམ་གྱི་འདུ་ཤེས་དང་སྤྱོད་གཙང་རང་གཅུན་གྱི་འདུ་ཤེས་ཟབ་ཏུ་ཕྱིན་པ་དང་། འགན་འཁུར་བྱས་འཇོག་དང་ལས་སྒྲུབ་ལས་གཏོད་ཀྱི་ནང་སྐྱེས་སྒུལ་ཤུགས་སྔར་བས་འཕེལ་བ། དགོངས་གཞི་ནན་པོ་དང་། བྱེད་ཐབས་ནན་པོ། རྣམ་པ་ཟབ་མོ་བཅས་སྔར་བས་ཟབ་ཏུ་ཕྱིན་ནས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱེད་པའི་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཕན་འབྲས་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད།
■ ཏང་གཤིས་བློ་སྦྱོང་ཡག་པོ་དང་ཏང་གཤིས་བརྟན་པོ་བྱུང་ཚེ། ཏང་གི་སྒྲིག་ཁྲིམས་ལ་བརྩི་སྲུང་ཞུ་བར་དེ་བས་རང་རྟོགས་ཡོང་སྲིད། འགོ་ཁྲིད་ལས་བྱེད་པས་ཏང་གཤིས་སྦྱོང་བརྡར་བྱེད་པ་དང་བསམ་བློའི་གོ་རྟོགས་མཐོ་རུ་གཏོང་རྒྱུ་དེ་ཚེ་གང་གི་དཔྱོད་དོན་དུ་བརྩིས་ནས་ནམ་འཚོའི་བར་དུ་སློབ་སྦྱོང་དང་བློ་སྦྱོང་བྱེད་དགོས། ཆབ་སྲིད་བློ་སྦྱོང་དེ་ཏང་གཤིས་བློ་སྦྱོང་གི་ཨང་དང་པོར་བཞག་ཐོག་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཁྲོད་ནས་ཏང་གཤིས་ཀྱི་འཚོ་བཅུད་ལེན་པ་དང་། ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་དང་སྒྲིག་ཁྲིམས་བཅས་སློབ་སྦྱོང་དང་བརྩི་སྲུང་ལག་བསྟར་བྱ་རྒྱུ་དེ་ཏང་གཤིས་བློ་སྦྱོང་གི་ནང་དོན་གལ་ཆེན་དུ་བརྩི་དགོས།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཟླ་12ཚེས་26དང་27ཉིན་དམངས་གཙོའི་འཚོ་བའི་ཚོགས་འདུ་འཚོཌ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཤིང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ་དང་ཏང་གི་སྒྲིག་ཁྲིམས་སློབ་གསོའི་གཅུན་སྡོམ་དང་འགན་སྲུང་ཡར་སྐུལ་ནུས་པ་ཕྱོགས་བསྡུས་འདོན་སྤེལ་བྱེད་པར་དམིགས་ནས། སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག་སློབ་སྦྱོང་ལག་བསྟར་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དོན་འཁྱོལ་བྱས་ཚུལ་ཞིབ་བཤེར་གྱི་ནང་དོན་གལ་ཆེན་དུ་བརྩིས་ཏེ། བསམ་བློ་དང་ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་རང་བཤེར་རང་ལྟ་དང་ཏང་གཤིས་དབྱེ་ཞིབ་བྱས་ཏེ་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱས་པ་རེད།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གལ་ཆེན་གནང་བ་རེད།
ཚོགས་འདུ་མ་འཚོགས་གོང་འབྲེལ་ཡོད་ཕྱོགས་ཀྱི་ཐད་གྲ་སྒྲིག་ནན་ཏན་བྱས་ཡོད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་སྙིང་གཏམ་ཤོད་རེས་བྱས་པ་དང་། བསམ་འཆར་དང་གྲོས་འགོ་ཉན་པ། གཏམ་བཤད་ཀྱི་གནད་བསྡུས་བྲིས་ཡོད། ཚོགས་འདུའི་ཐོག་སྔོན་ལ་2024ལོའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་ལེན་བསྟར་ཚུལ་སྐོར་གྱི་སྙན་ཞུ་དང་2024ལོའི་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ལས་དོན་གནས་ཚུལ་སྐོར་གྱི་སྙན་ཞུ་ཉན་པ་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་མི་རེ་ངོ་རེས་གཏམ་བཤད་སྤེལ་བ་དང་ཚོགས་འདུའི་བརྗོད་དོན་གཙོ་བོར་དམིགས་ནས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་། 《ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་ཤུགས་སྣོན་དང་སྲུང་སྐྱོང་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་གཏན་འབེབས་འགའ་ཞིག》 《ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་དོན་འཁྱོལ་བྱེད་པའི་ལག་བསྟར་ཞིབ་སྲོལ》བཅས་ལ་ཞིབ་བསྡུར་བྱས་ནས་བཤེར་འདོན་ནན་ཏན་དང་དབྱེ་ཞིབ་གཏིང་ཟབ་དང་། དྲང་པོ་དྲང་གཞག་དང་ལྷག་བསམ་ཟོལ་མེད་ཀྱི་རྣམ་པ་གཟབ་ལ་གསོན་ཉམས་ལྡན་པས་སྔོན་དཔག་གི་ཕན་འབྲས་ཐོན་ཡོད།
ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོའི་གཏམ་བཤད་ཀྱི་ནང་དོན་གཙོ་གནད་ཁག་ལྔ་ལ་དམིགས་པ་སྟེ། གཅིག་ནི་ཏང་ཀྲུང་དབྱང་གི་དབང་གྲགས་སྲུང་སྐྱོང་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྔར་བས་སྲ་བརྟན་དུ་གཏོང་རྒྱུ་དང་། གཉིས་ནི་མི་དམངས་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ལ་བདེ་སྐྱིད་སྐྲུན་པའི་རིན་ཐང་དོན་གཉེར་སྔར་བས་སྲ་བརྟན་དུ་གཏོང་རྒྱུ། གསུམ་ནི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་སྔར་བས་མཐར་ཕྱིན་པ་བྱ་རྒྱུ། བཞི་ནི་སྣེ་ཁྲིད་ཀྱིས་སྒྲིག་ཁྲིམས་སྦྱོང་བ་དང་། སྒྲིག་ཁྲིམས་ཤེས་པ། སྒྲིག་ཁྲིམས་དམ་པ། སྒྲིག་ཁྲིམས་སྲུང་བ་བཅས་སྔར་བས་སྲ་བརྟན་དུ་གཏོང་རྒྱུ། ལྔ་ནི་ཏང་ལ་དོ་དམ་ནན་པོ་དང་ཏང་ནན་སྐྱོང་གི་ཆབ་སྲིད་འགན་འཁྲི་བསྒྲུབ་རྒྱུ་སྔར་བས་སྲ་བརྟན་དུ་གཏོང་རྒྱུ་བཅས་རེད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། འདི་ལོ་ཚུན་དུ། རྒྱལ་ཁབ་ཕྱི་ནང་གི་དུས་བབ་ལས་བྱུང་བའི་འགྲན་སློང་གི་མདུན་དུ་ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། བབ་བསྟུན་ཐག་གཅོད་དང་ཕྱོགས་བསྡུས་ཇུས་འདོན་གྱིས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་གཙོ་བོ་བདེ་བླག་ངང་ལེགས་སྒྲུབ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གོམ་སྟབས་གསར་པ་བརྟན་པོ་སྤོས་ཡོད། དམངས་འཚོ་འགན་སྲུང་ཏན་ཏིག་དང་ནུས་ལྡན་བྱུང་བ་དང་། སྤྱི་ཚོགས་སྤྱི་ཡོངས་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བར་ཕན་འབྲས་གསར་པ་ཐོན་པ། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་རྣམ་པ་གསར་པ་བཏོད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་བ་བཅས་བྱུང་ཡོད། གྲུབ་འབྲས་འདི་དག་ནི་ལས་སླ་པོར་ཐོབ་པ་ཞིག་གཏན་ནས་མིན།
ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ནི་ལས་དོན་མཐའ་དག་ལེགས་པར་སྒྲུབ་པའི་རྩ་བའི་འགན་ལེན་ཡིན་པས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གྲུ་གཟིངས་རླུང་བརྟེན་རླབས་གཤག་ངང་བརྟན་བགྲོད་རྒྱང་འཁྱོལ་ཐུབ་པའི་འགན་ལེན་ཐུབ་ཡོད། ཏང་ཡོངས་ཀྱིས་ངེས་པར་དུ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་བྱེད་ཕྱོགས་སྲིད་ཇུས་དང་ལས་ཀའི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་དགོས། སང་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཡིན་པས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱས་ཏེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་རྒྱ་ཆེར་གཏོང་བ། དཔལ་འབྱོར་རྒྱུན་མཐུད་ལེགས་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པ། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་བཅས་བྱས་ཏེ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་ཚད་ལས་འགན་སྤུས་ཚད་མཐོ་པོས་ལེགས་སྒྲུབ་བྱས་ནས“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་ཐུབ་པར་རྨང་གཞི་བརྟན་པོ་འདིང་དགོས་པའི་ངོས་འཛིན་གཅིག་མཐུན་བྱས་པ་རེད།
ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོའི་ལྟ་བསྡུར་ཞིབ་བཤེར་གྱི་གཏམ་བཤད་རེ་རེ་བཞིན་ལ་དཔྱད་བརྗོད་དང་བླང་བྱ་བཏོན་གནང་བ་མ་ཟད་ཕྱོགས་སྡོམ་ཡང་གནང་ཞིང་། ཁོང་གིས་ད་ཐེངས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་དམངས་གཙོའི་འཚོ་བའི་ཚོགས་འདུར་ཕན་འབྲས་ཡག་པོ་ཐོན་ནས་བསམ་བློ་སྤེལ་རེས་དང་། གནད་དོན་ལ་ལྟ་བཤེར། ཁ་ཕྱོགས་གསལ་སྟོན་བཅས་ཀྱི་དམིགས་ཡུལ་འགྲུབ་པས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཐུན་སྒྲིལ་ཟབ་གཏོང་དང་། ལས་དོན་ལེགས་གཏོང་། འགན་འཁྲི་ཐེག་འཁུར་བཅས་ལ་ཕན་ཐོགས་ཡོད་ཅེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ད་ཐེངས་ཀྱི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཐོག་ཏང་ཡོན་དང་ལས་བྱེད་པ་ཁག་གཅིག་གིས་ཏང་གི་སྒྲིག་སྲོལ་དང་ཏང་གི་སྒྲིག་ཁྲིམས་ལ་དོ་སྣང་མི་བྱེད་པ་དང་། རྒྱུས་མངའ་མི་ལོན་པ། ཁོང་དུ་མི་ཆུད་པ་སོགས་ཀྱི་གནད་དོན་ཐག་གཅོད་ཤུགས་ཆེན་བྱས་ཡོད། རིམ་ཁག་ཏང་རྩ་འཛུགས་དང་འགོ་ཁྲིད་ཚན་ཁག་གིས་ཏང་གི་སྒྲིག་ཁྲིམས་འཛུཌ་སྐྱོང་ལ་དམ་འཛིན་ནན་པོ་བྱ་རྒྱུར་སྐུལ་འདེད་བཏང་བ་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་རང་རྟོགས་ངང་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་ཁུར་ཕོད་པ་བཅས་ལ་སྐུལ་འདེད་བཏང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པའི་སྒྲིག་ཁྲིམས་དང་སྒྲིག་ལམ་གྱི་འདུ་ཤེས་དང་སྤྱོད་གཙང་རང་གཅུན་གྱི་འདུ་ཤེས་ཟབ་ཏུ་ཕྱིན་པ་དང་། འགན་འཁུར་བྱས་འཇོག་དང་ལས་སྒྲུབ་ལས་གཏོད་ཀྱི་ནང་སྐྱེས་སྒུལ་ཤུགས་སྔར་བས་འཕེལ་བ། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) དགོངས་གཞི་ནན་པོ་དང་། བྱེད་ཐབས་ནན་པོ། རྣམ་པ་ཟབ་མོ་བཅས་སྔར་བས་ཟབ་ཏུ་ཕྱིན་ནས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱེད་པའི་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཕན་འབྲས་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད།
ཞི་ཅིན་ཕིང་གིས་བསྟན་དོན། ཏང་གཤིས་བློ་སྦྱོང་ཡག་པོ་དང་ཏང་གཤིས་བརྟན་པོ་བྱུང་ཚེ། ཏང་གི་སྒྲིག་ཁྲིམས་ལ་བརྩི་སྲུང་ཞུ་བར་དེ་བས་རང་རྟོགས་ཡོང་སྲིད། འགོ་ཁྲིད་ལས་བྱེད་པས་ཏང་གཤིས་སྦྱོང་བརྡར་དང་བསམ་བློའི་གོ་རྟོགས་མཐོ་རུ་གཏོང་རྒྱུ་དེ་ཚེ་གང་གི་དཔྱོད་དོན་དུ་བརྩིས་ནས་ནམ་འཚོའི་བར་དུ་སློབ་སྦྱོང་དང་བློ་སྦྱོང་བྱེད་དགོས། ཆབ་སྲིད་བློ་སྦྱོང་དེ་ཏང་གཤིས་བློ་སྦྱོང་གི་ཨང་དང་པོར་བཞག་ཐོག་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཁྲོད་ནས་ཏང་གཤིས་ཀྱི་འཚོ་བཅུད་ལེན་པ་དང་། ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་དང་སྒྲིག་ཁྲིམས་བཅས་སློབ་སྦྱོང་དང་བརྩི་སྲུང་ལག་བསྟར་བྱ་རྒྱུ་དེ་ཏང་གཤིས་བློ་སྦྱོང་གི་ནང་དོན་གལ་ཆེན་དུ་བརྩི་དགོས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་མར་ཁེ་སི་རིང་ལུགས་ཀྱི་ཆབ་སྲིད་མཁས་ཅན་གྱི་ཚད་གཞི་ལྟར་རང་ཉིད་ལ་བླང་བྱ་ནན་པོ་འདོན་རྒྱུ་མཐའ་འཁྱོངས་བྱས་ཐོག ཀུན་གྱི་སྣེ་ཁྲིད་དེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པ་དང་། ཀུན་གྱི་སྣེ་ཁྲིད་དེ་དམངས་གཙོ་གཅིག་སྡུད་ལམ་ལུགས་ལག་བསྟར་བྱེད་པ། ཀུན་གྱི་སྣེ་ཁྲིད་དེ་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པ། ཀུན་གྱི་སྣེ་ཁྲིད་དེ་ཏང་གི་སྒྲིག་ཁྲིམས་དང་སྒྲིག་སྲོལ་ལ་བརྩི་སྲུང་ནན་པོ་ཞུ་བ། ཀུན་གྱི་སྣེ་ཁྲིད་དེ་ཏང་གི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ་བཅས་བྱས་ནས་ཕུགས་བསམ་དང་དད་སེམས་སྲ་ཞིང་བརྟན་པ་དང་། ཏང་ལ་བློ་དཀར་སེམས་དཀར་བྱས་ཏེ། ཏང་དང་མི་དམངས་ཀྱི་བྱ་གཞག་ཆེད་རང་དོན་རྒྱབ་ཏུ་བསྐྱུར་ནས་ལེགས་སྐྱེས་འབུལ་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གི་སྒྲིག་ཁྲིམས་ལ་སློབ་གསོ་དང་གཅུན་འདོམས་ཀྱི་ཕན་ནུས་ལྡན་ལ། འགན་སྲུང་དང་ཡར་སྐུལ་གྱི་ཕན་ནུས་ཀྱང་ལྡན། ཏང་གི་སྒྲིག་ཁྲིམས་དང་ལས་སྒྲུབ་ལས་གཏོད་ནི་ནང་གནས་གཅིག་གྱུར་ཡིན། སྒྲིག་ཁྲིམས་ཀྱིས་འགལ་མི་ཆོག་པའི་མཐའ་ཚད་དང་མཐའ་མཚམས་ཁ་གསལ་བཟོས་ཡོད་ལ། ཏང་ཡོན་དང་ལས་བྱེད་པས་སྤྱོད་གཙང་ངང་ལས་ཀ་བྱེད་པ་དང་བློ་ཁོག་ཆེན་པོས་ལས་ཀ་བྱེད་པར་བྱ་སྤྱོད་ཀྱི་ཚད་གཞི་ཡང་བཏོན་ཡོད། སྒྲིག་བརྩི་ཁྲིམས་སྲུང་བྱས་ཚེ་ལས་སྒྲུབ་ལས་གཏོད་ཀྱི་རང་དབང་ཆེན་པོ་དང་བར་མཐོངས་ཆེན་པོ་ལྡན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ཚད་ཤིང་འཛུགས་པ་དང་དཔེ་སྟོན་བྱས་ཏེ། སྒྲིག་བརྩི་ཁྲིམས་སྲུང་དང་ལས་སྒྲུབ་ལས་གཏོད་ཀྱི་མིག་དཔེར་འགྱུར་བ་བྱེད་དགོས། ད་དུང་སྟོན་ཕྱོགས་གསལ་པོ་བཙུགས་ནས་འགན་འཁྲི་འཁུར་ཕོད་མཁན་ཚོར་རྒྱབ་སྐྱོར་དང་སྐུལ་ལྕག་བྱས་ཏེ། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་དཔའ་ངར་ཆེར་སྐྱེད་ཀྱིས་སྔོན་ཐོན་བརྩོན་ལེན་བྱེད་པའི་རྣམ་པ་གསོན་ཉམས་ལྡན་པ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་དགོས།
ཞི་ཅིན་ཕིང་གིས་བསྟན་དོན། ཏང་གི་སྒྲིག་ཁྲིམས་ཀྱིས་དབང་ཆ་ཡང་དག་སྤྱོད་པ་དང་དབང་ཆར་བརྟེན་ནས་སྒེར་དོན་གཉེར་རྒྱུ་སྔོན་འགོག་བྱེད་པར་མཐའ་ཚད་དང་བཀག་སྡོམ་ཁུལ་བཟོས་ཡོད། དེ་ནི་ཏང་ཡོན་དང་ལས་བྱེད་པས་གཞུང་དྲང་སྤྱོད་གཙང་རྒྱུན་འཁྱོངས་བྱེད་པའི་བདེ་འཇགས་འགོག་སྲུང་ར་བ་ལྟ་བུ་རེད། སྒྲིག་ཁྲིམས་ལ་འཇིགས་བཀུར་དང་བརྩི་སྲུང་ཞུས་ཚེ་རུལ་བསླད་བཀག་འགོག་ཐུབ་ནས་སྐྱོན་ཆ་གང་ཡང་འབྱུང་མི་སྲིད། རུལ་སུངས་འབྱུང་སའི་ཁོར་ཡུག་དང་ཆ་རྐྱེན་སྔར་བཞིན་ཡོད་ཚེ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ནམ་ཡང་བྱེད་མུས་ཡིན། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཐད་དུས་བབ་ཧ་ཅང་གསལ་རྟོགས་དང་རྣམ་འགྱུར་ཧ་ཅང་བརྟན་པོ་བཅངས་ནས་ལྷོད་གཡེང་དང་སྙིང་རྗེ་གཏན་ནས་བྱེད་མི་རུང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་འགན་འཁྲི་ལྕི་པོ་ཁུར་ཡོད་པས་ངེས་པར་དུ་རང་ཉིད་ལ་བླང་བྱ་སྔར་བས་ནན་པོ་བཏོན་ནས་ལག་ནང་གི་དབང་ཆ་སྤྱོད་སྐབས་ཧ་ཅང་གཟབ་ནན་བྱེད་དགོས། ལས་བགོས་ཁྱབ་ཁོངས་སམ་ཡང་ན་སྲིད་དོན་གཙོ་སྐྱོང་ས་གནས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་ཚུལ་མིན་གྱི་སྤྱོད་ཚུལ་དང་རུལ་སུངས་ཀྱི་སྣང་ཚུལ་སྣ་ཚོགས་དང་འཐབ་རྩོད་མཐའ་གཅིག་ཏུ་བྱེད་དགོས་པ་དང་ཆབས་ཅིག ནང་མི་དང་འཁྲིས་ཀྱི་ལས་དོན་མི་སྣར་སློབ་གསོ་དོ་དམ་བྱེད་ཤུགས་ཀྱང་ཆེ་རུ་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གི་སྒྲིག་ཁྲིམས་ལག་བསྟར་ནན་པོ་དང་སྲུང་སྐྱོང་ནན་པོ་བྱ་རྒྱུ་ནི་ཏང་ཡོངས་ཀྱི་ཐུན་མོང་གི་འགན་འཁྲི་རེད། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱིས་བྱེད་པོའི་འགན་འཁྲི་ཡག་པོ་འཁུར་དགོས་ལ། ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་འགན་འཁུར་བ་དང་པོའི་འགན་འཁྲི་ཡང་ཡག་པོ་འཁུར་དགོས། འགོ་ཁྲིད་ཚན་ཁག་གི་ཁོངས་མི་གཞན་དག་གིས“ལས་གནས་གཅིག་ལ་འགན་འཁྲི་གཉིས”ལག་ལེན་ཡག་པོ་བསྟར་ནས་རིམ་པ་རེ་རེ་བཞིན་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལས་དོན་ལ་ཕན་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་གི་ཆབ་སྲིད་འགན་འཁྲི་ཏན་ཏིག་ཁུར་ནས་ལས་བགོས་ཁྱབ་ཁོངས་སམ་ཡང་ན་སྲིད་དོན་གཙོ་སྐྱོང་ས་གནས་ཀྱི་སྒྲིག་ཁྲིམས་འཛུགས་སྐྱོང་གནས་ཚུལ་དུས་ཐོག་ཏུ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱས་ཐོག འགན་འཁྲིའི་ཁྱབ་ཁོངས་ནང་གི་གནད་དོན་ཁག་ལ་དོ་དམ་དང་བཅོས་སྒྲིག་བྱེད་ཕོད་པ་དང་དོ་དམ་ནན་པོ་དང་བཅོས་སྒྲིག་ནན་པོ་བྱས་ཏེ། ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་འགོ་ཁྲིད་པ་དང་། ལག་ལེན་བསྟར་མཁན། སྐུལ་འདེད་གཏོང་མཁན་བཅས་ཧུར་ཐག་བྱེད་དགོས།
མཇུག་ཏུ་ཞི་ཅིན་ཕིང་གིས་སང་ལོའི་སྒྱུར་འཕེལ་བརྟན་གསུམ་གྱི་ལས་འགན་ཧ་ཅང་དཀའ་ཚེགས་ཆེ་བས། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་གཞི་རིམ་དང་མང་ཚོགས་ཁྲོད་བསྐྱོད་དེ། བརྟག་དཔྱད་ཞིབ་འཇུག་ལ་ཤུགས་སྣོན་གྱིས་མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་གསལ་རྟོགས་དང་། གཞི་རིམ་གྱི་འཕྲལ་དུ་ཐག་གཅོད་བྱེད་དགོས་པའི་གནད་དོན་མངོན་གསལ་དོད་རིགས་གསལ་རྟོགས་བྱས་ཐོག དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་ཞིབ་འཇུག་བྱས་ཏེ་ཐག་གཅོད་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
(བདེ་སྐྱིད་དང་དམ་ཆོས་མི་ཕམ་གྱིས་སྒྱུར་ཞུས་བྱས)