《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月29日

ཞི་ཅིན་ཕིང་གིས་ཀྲུང་ཁེར་ཨུ་རྒྱལ་ཁབ་གསུམ་དབར་གྱི་ལྕགས་ལམ་རྣམ་གྲངས་ཀྱི་འགོ་ཚུགས་མཛད་སྒོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་27ཉིན། ཀྲུང་གོ་ནས་ཁེར་གྷི་སི་ཐན་དང་ཨུ་ཟ་བྷེ་ཁི་སི་ཐན་དབར་གྱི་ལྕགས་ལམ་རྣམ་གྲངས་ཀྱི་འགོ་ཚུགས་མཛད་སྒོ་ཁེར་གྷི་སི་ཐན་གྱི་གྲོང་ཁྱེར་ཅ་ལ་ལ་པ་ཏེར་འཚོགས་པ་རེད། ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འགོ་ཚུགས་མཛད་སྒོར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་དང་། ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕ་ལུའོ་ཕུའུ་ས་གནས་ས་ཐོག་གི་བྱེད་སྒོར་ཞུགས་པ། ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་ཡུའེ་ཡེ་ཕུའུ་ཡིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་ཁེར་ཨུ་རྒྱལ་ཁབ་གསུམ་དབར་གྱི་ལྕཌ་ལམ་འཛུཌ་སྐྲུན་ནི་རྒྱལ་ཁབ་གསུམ་པོའི་སྲིད་གཞུང་གིས་ས་ཁོངས་མཉམ་སྦྲེལ་མཉམ་མཐུད་དང་ (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) ས་ཁུལ་གྱི་དར་རྒྱས་བརྟན་ལྷིང་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས་བཏོན་པའི་འཐབ་ཇུས་ཤིག་ཡིན་པ་དེ་ཐོག་ནས་རྒྱལ་ཁབ་གསུམ་པོའི་མི་དམངས་ཀྱིས་འཐབ་ཇུས་ཀྱི་བགྲོད་ལམ་གཏོད་པའི་རེ་འདུན་བཟང་པོ་གསལ་པོར་མངོན་ཡོད། དེ་རིང་གི་འགོ་ཚུགས་མཛད་སྒོ་ལས་རྣམ་གྲངས་དེ་ཇུས་འགོད་ནས་ལག་བསྟར་དང་། དེ་ནས་མེ་འཁོར་ཤར་གཏོང་ཐུབ་པའི་དམིགས་ཚད་ཕྱོགས་སུ་འགག་རྩའི་གོམ་པ་སྤོས་པ་མཚོན་ཡོད།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། རྒྱལ་ཁབ་གསུམ་པོའི་འབྲེལ་ཡོད་སྡེ་ཚན་དང་ཁེ་ལས་ཀྱིས་མཉམ་ལས་གཏིང་ཟབ་བྱས་ནས་ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོན་པོས་ལས་གྲྭ་འཛུཌ་སྐྲུན་ལ་སྐུལ་འདེད་བཏང་སྟེ། ཀྲུང་ཁེར་ཨུ་རྒྱལ་ཁབ་གསུམ་དབར་གྱི་ལྕགས་ལམ་དེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་མཉམ་ལས་ཀྱི་དཔེ་སྟོན་རྣམ་གྲངས་གསར་པ་ཞིག་ཏུ་ཧུར་ཐག་བསྐྲུན་པ་དང་། ལམ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོཌ་འཕེལ་རྒྱས་དང་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་བར་རོགས་རམ་སྔར་ལས་ལེགས་པ་བྱས་ཏེ། དེ་བས་ཟབ་པའི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྒུལ་ཤུགས་གསར་པ་སྣོན་རྒྱུའི་རེ་བ་ཡོད།

ཀྲ་ཕ་ལུའོ་ཕུའུ་ཡིས་གསུངས་དོན། ཀྲུང་ཁེར་ཨུ་རྒྱལ་ཁབ་གསུམ་དབར་གྱི་ལྕགས་ལམ་ནི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་བར་ཁྱམས་ཤིག་ཡིན་པ་མ་ཟད། ཤར་ནུབ་འབྲེལ་མཐུད་བྱེད་པའི་འཐབ་ཇུས་ཀྱི་བགྲོད་ལམ་ཞིག་ཀྱང་རེད། རྣམ་གྲངས་དེས་ཁེར་གྷི་སི་ཐན་གྱི་འགྲིམ་འགྲུལ་ལྟེ་གནས་ཀྱི་གནས་བབ་ཆེ་རུ་གཏོང་བ་དང་ལས་ཞུགས་ལས་གནས་འབོར་ཆེན་བཏོད་དེ་དཔལ་འབྱོར་ཚོང་དོན་དང་། ཡུལ་སྐོར། བཟོ་ལས་སོགས་ཁྱབ་ཁོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད། རྒྱལ་ཁབ་གསུམ་གྱིས་སྤུས་ཚད་མཐོན་པོས་ལྕགས་ལམ་འཛུགས་སྐྲུན་ལེགས་སྒྲུབ་བྱས་ཏེ་ས་ཁུལ་དེ་གའི་ཐུན་མོང་འཕེལ་རྒྱས་ལ་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་གསར་པ་གཏོད་ཐུབ་པའི་ཡིད་ཆེས་ཡོད།

སྨིར་ཅི་ཡུའེ་ཡེ་ཕུའུ་ཡིས་གསུངས་དོན། ཀྲུང་ཁེར་ཨུ་རྒྱལ་ཁབ་གསུམ་དབར་གྱི་ལྕགས་ལམ་རྣམ་གྲངས་དངོས་སུ་ལས་འགོ་ཚུགས་པ་ནི་རྒྱལ་ཁབ་གསུམ་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་དོན་འཁྱོལ་དང་། གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་བ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས་ལོ་རྒྱུས་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད། ལྕགས་ལམ་དེ་ས་ཁུལ་གྱི་ཚོང་དོན་དང་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བ་དང་། མི་སྣ་འགྲོ་འོང་དང་མི་ཆོས་རིག་གནས་ཀྱི་འབྲེལ་བར་སྐུལ་འདེད་གཏོང་བ། ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པའི་ཟམ་པ་གལ་ཆེན་སྐྲུན་པ། ས་ཁུལ་དང་། རྒྱལ་ཁབ། མི་དམངས་བཅས་ལ་བདེ་སྐྱིད་སྐྲུན་པ་བཅས་ལ་ཕན་ཐོགས་ཡོད་པ་ཞིག་རེད།

(ཉི་དོན་དང་ཚེ་དབང་ལྷ་མོས་སྒྱུར་ཞུས་བྱས)