འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་12ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཚེས་26ཉིན། གསར་འགོད་པར་འགྲིམ་འགྲུལ་སྐྱེལ་འདྲེན་པུའི་འབྲི་ཆུའི་མཚོ་འགྲུལ་ལས་དོན་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྔོན་དཔག་བྱས་ན་2024ལོར་འབྲི་ཆུའི་གྲུ་ལམ་ཨ་མའི་གྲུ་ཁའི་དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་དུང་ཕྱུར་40.2དང་སྣེ་ཁྲིད་གྲུ་གཟིངས་ཀྱི་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན་དུང་ཕྱུར་4.7ཟིན་པ་དེ་དུས་མཚུངས་ལས་3.9%དང་6%སོ་སོར་འཕར་བཟོ་ཡོད། དེ་ནི་འབྲི་ཆུའི་གྲུ་ལམ་ཨ་མའི་ལོ་འཁོར་གྱི་གྲུ་ཁའི་དངོས་ཟོག་འདོན་འཇུག་བྱེད་ཚད་ཏུན་དུང་ཕྱུར་40ལྷག་ཙམ་ཟིན་ཐེངས་དང་པོ་ཡིན་པ་དང་། སླར་ཡང་འཛམ་གླིང་ནང་ཁུལ་ཆུ་བོའི་གནས་བབ་ཨང་དང་པོར་བརྟན་པོར་གནས་ཡོད། འབྲི་ཆུའི་གྲུ་ལམ་ཨ་མ་གཞི་རྩའི་ཆ་ནས་དེང་རབས་ཅན་གྱི“ཆུ་ལམ་རྩ་ཆེན”དུ་གྱུར་ཡོད།