འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་12ཚེས་26ཉིན་གློག་འཕྲིན་འབྱོར་གསལ། ཟླ་12ཚེས་26ཉིན་གྱི་ཕྱི་དྲོར། ཀྲུང་དབྱང་བསམ་པའི་དཔལ་ཡོན་སྲོལ་གཏོད་གཞུང་དོན་ཁང་གིས་གཙོ་གཉེར་བྱས་པའི་རྒྱལ་ཡོངས་ཀྱི་གོམས་སྲོལ་སྒྱུར་བའི་ཕུལ་བྱུང་རིག་རྩལ་ལེ་ཚན་ཧོ་པེ་ཞིང་ཆེན་ཚང་ཀྲོའུ་གྲོང་ཁྱེར་དུ་གཅིག་སྡུད་འགྲེམས་འཁྲབ་བྱས་པ་རེད། རྒྱལ་ཡོངས་ཀྱི་ས་གནས་ཁག་ནས་ལེགས་འདེམས་བྱས་པའི་ཕུལ་བྱུང་ལེ་ཚན་12ཡོད་པ་དེ་དག་ཟློས་གར་དང་། འཁྲབ་ཚན་ཐུང་ངུ་། གླུ་གར། ཡུལ་རྣམ་ཟློས་གར་སོགས་ས་གནས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་ཤེས་དཔལ་གྱི་འདུ་ཤེས་དྲིལ་བསྒྲགས་དང་སྲོལ་གསར་སྤྱོད་བཟང་དར་སྤེལ་བཏང་སྟེ། རྒྱ་ཆེའི་མང་ཚོགས་ཀྱིས་གོམས་སྲོལ་རྙིང་པ་བཀག་འགོག་དང་ཤེས་དཔལ་དང་བདེ་སྐྱིད་དོན་གཉེར་བྱེད་པའི་ཐད་ཀྱི་གསོན་ཉམས་ལྡན་པའི་ལག་ལེན་མཚོན་པར་བྱས་པ་དང་། རོལ་རྩེད་ཞོར་ལ་སློབ་གསོ་ཐེབས་པ་དང་རིག་གནས་ལ་བརྟེན་ནས་མི་སྣ་ལེགས་སྐྱོང་བྱས་པར་ལྟད་མོ་བའི་གདེང་འཇོག་ཡག་པོ་ཐོབ་པ་རེད།
འགྲེམས་འཁྲབ་བྱེད་རིང་། ད་དུང་བཞུགས་མོལ་སྤེལ་རེས་དང་། ས་གནས་ས་ཐོག་ཏུ་ལྟ་ཞིབ། གྱོད་དཔེ་གཟིགས་དཔྱད་སོགས་ཀྱི་ལྷུ་ཚིགས་བཀོད་སྒྲིག་བྱས་ནས། ས་གནས་ཁག་གི་གོམས་སྲོལ་སྒྱུར་བར་ཐོབ་པའི་ཕན་འབྲས་གང་ལེགས་མངོན་པར་བྱས་པ་རེད། (ཉི་དོན་དང་ཚེ་དབང་ལྷ་མོས་སྒྱུར་ཞུས་བྱས)