འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་12ཚེས་26ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཚེས་25དང་26ཉིན་འཚོགས་པའི་རྒྱལ་ཡོངས་ཀྱི་འབྲུ་རིགས་དང་དངོས་ཟོག་གསོག་འཇོག་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར། འདི་ལོའི་དུས་ཚིགས་གསར་པའི་སྟོན་འབྲུ་ཉོ་སྒྲུབ་བྱེད་ཚད་མགྱོགས་པ་དང་། ཉོ་ཚོང་བྱེད་མང་བ། མཛོད་ཉར་བྱེད་མང་བ་བཅས་ཡིན་པ་རེད། མིག་སྔའི་བར། རིམ་རྩིས་བརྒྱབ་ན་དུས་ཚིགས་གསར་པར་སྟོན་འབྲུ་ཉོ་སྒྲུབ་བྱེད་ཚད་རྒྱ་མ་དུང་ཕྱུར་3700ལས་བརྒལ་བ་དེ་ལོ་གོང་མའི་དུས་མཚུངས་ལས་10%ཙམ་གྱིས་མགྱོགས་པ་བྱུང་ཡོད།
ལྷོ་ཕྱོགས་ས་ཁུལ་གྱི་བར་སྨིན་དང་ཕྱི་སྨིན་འབྲས་ཉོ་སྒྲུབ་བྱེད་མཇུག་འགྲིལ་ཉེར་ཡོད་པ་དང་བྱང་ཤར་དང་ཧྭ་པེ་ས་ཁུལ་གྱི་ཨ་ཤོམ་ཉོ་སྒྲུབ་དེ་དཔྱིད་གསར་དུས་ཆེན་གོང་གི་ཞིང་དུད་ཀྱི་འབྲུ་རིགས་ཕྱིར་ཚོང་བྱེད་མང་ཤོས་སུ་སླེབས་ཡོད། ལྟ་ཞིབ་ཚད་ལེན་བྱས་པ་ལས་བལྟས་ན། རིགས་ཁག་གི་བྱེད་པོའི་ཉོ་འཚོང་འཁྲུག་ཆ་དོད་དུ་ཕྱིན་པ་དང་། བྱང་ཤར་ས་ཁུལ་གྱི་ཨ་ཤོམ་ལས་སྣོན་ཞིབ་ཚགས་ཁེ་ལས་ལས་འགོ་འཛུགས་ཚད་90%ཙམ་རྒྱུན་འཁྱོངས་ཐུབ་ནས་སྤྱིར་ན་ཐེག་ཚད་ལས་བརྒལ་བའི་ཐོན་སྐྱེད་ཐུབ་བྱེད་ཐུབ་རྒྱུ་རེད། ཨ་ཤོམ་ཚོང་ཟོག་མཛོད་ཉར་བྱེད་ཚད་བརྟན་པོའི་ངང་མང་དུ་ཕྱིན་ནས་དུས་མཚུངས་ལས་30%ཡན་འཕར་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་ལོ་ཧྲིལ་པོའི་འབྲུ་རིགས་ཉོ་སྒྲུབ་བྱེད་ཚད་ཀྱི་ཆུ་ཚད་ཅུང་མཐོ་པོ་རྒྱུན་འཁྱོངས་ཐུབ་པ་དང་ཁྲོམ་ར་ཅན་གྱི་ཉོ་སྒྲུབ་དང་སྲིད་ཇུས་རང་བཞིན་གྱི་ཉོ་གསོག་སྤྱི་འདོམས་བྱུང་ནས། ཞིང་ལས་དང་ཁེ་ལས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་མཐུད་ལེགས་སུ་ཕྱིན་ཏེ་ཞིང་པའི་འབྲུ་རིགས་ཕྱིར་ཚོང་གི་ཐབས་ལམ་ཤར་གཏོང་ཐུབ་པ་དང་། འདི་ལོའི་འབྲུ་རིགས་ཉོ་སྒྲུབ་བྱེད་ཚད་སྔོན་དཔག་བྱས་ན་རྒྱ་མ་དུང་ཕྱུར་8400ཙམ་ཟིན་ནས་ལོ་གཉིས་བསྟུད་མར་རྒྱ་མ་དུང་ཕྱུར་8000ཡན་བརྟན་པོ་བྱུང་ཡོད་པ་རེད།
བར་སྨིན་དང་ཕྱི་སྨིན་འབྲས་ཁྲོམ་རར་བཏོན་པ་ནས་བཟུང་སྔ་རྗེས་སུ་ཧོ་ནན་དང་། ཅང་སུའུ། ཧེ་ལུང་ཅང་། ཨན་ཧུའེ་བཅས་ཞིང་ཆེན་བཞི་རུ་ཉོ་སྒྲུབ་རིན་གོང་དམའ་ཤོས་ཀྱི་སྔོན་ཇུས་ལག་བསྟར་བྱས་པ་དང་། བསྡོམས་གསོག་ཉར་མཛོད་ཁང་228བཀོད་སྒྲིག་བྱས་པ། མཛོད་ཁང་གི་ཤོང་ཚད་ཏུན་ཁྲི་1136ཟིན་པ། མིག་སྔར་ཉོ་སྒྲུབ་རིན་གོང་དམའ་ཤོས་ཀྱི་འབྲས་རྒྱ་མ་དུང་ཕྱུར་100ལྷག་ཙམ་ཉོ་སྒྲུབ་བྱས་ཡོད་པ་བཅས་ལས་ཞིང་པའི་འབྲུ་རིགས་ཕྱིར་ཚོང་གི་དགོས་མཁོ་གང་ལེགས་སྐོང་ཐུབ་པ་མ་ཟད། ཁྲོམ་རའི་སྔོན་དཔག་བརྟན་པོ་བྱུང་ཡོད།
རང་རྒྱལ་གྱིས་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་དང་། འབྲི་ཆུའི་ཟུར་གསུམ་གླིང་། གཡོད་ཀང་ཨའོ་སོགས་ས་ཁོངས་ལ་འབྲུ་རིགས་འཕྲལ་སྡོམ་འགན་སྲུང་ལྟེ་གནས་འཛུགས་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད། མིག་སྔའི་བར། རྒྱལ་ཡོངས་སུ་འབྲུ་རིགས་འཕྲལ་སྡོམ་འགན་སྲུང་ཁེ་ལས་ཁྲི་6.8ཡོད་པ་དང་འབྲུ་སྣུམ་འཕྲལ་སྡོམ་ཉིན་རེའི་ལས་སྣོན་བྱེད་ཚད་ཏུན་ཁྲི་170ལྷག་ཙམ་ཟིན་ཡོད་པས་འབྲུ་རིགས་འཕྲལ་སྡོམ་འགན་སྲུང་ནུས་པ་བརྟན་པོའི་ངང་ཆེ་རུ་ཕྱིན་ཡོད།
(བདེ་སྐྱིད་དང་པ་སངས་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)