《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月27日

“མི་སེར་ལ་སྤྱོད་གོ་ཆོད་པའི་ཆ་འཕྲིན་གྱི་ཞབས་འདེགས་ཞུ་དགོས”

དུས་རབས་གསར་པར། “མི་སེར་ལ་སྤྱོད་གོ་ཆོད་པའི་ཆ་འཕྲིན་གྱི་ཞབས་འདེགས་ཞུ་དགོས”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དོན་དེ་ཐོག་མཐའ་བར་གསུམ་དུ་ཐུགས་ལ་བཅངས་ཡོད།

“མི་དམངས་ཀྱི་རེ་སྒུག་དང་དགོས་མཁོ་དང་འཚམ་པར་བྱས་ནས། ཆ་འཕྲིན་ཅན་གྱི་ཞབས་ཞུ་ཁྱབ་གདལ་ཇེ་མགྱོགས་སུ་གཏོང་དགོས”

“དྲ་སྦྲེལ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐད་མི་དམངས་དུང་ཕྱུར་མང་པོའི་ཐོབ་སྣང་དེ་བས་མང་བ་ཡོད་པ་བྱེད་དགོས”

“མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་རྒྱུ་དེ་ཆ་འཕྲིན་ཅན་འཕེལ་རྒྱས་གཏོང་བའི་འགོ་ཚུགས་ས་དང་དོན་ལ་བབ་སར་བརྩི་དགོས”

ཆ་འཕྲིན་ཅན་ལ་བརྟེན་ནས་གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་ལ་འགྱུར་བར་སྐུལ་འདེད་བཏང་སྟེ་མི་དེ་བས་མང་བར་ཆ་འཕྲིན་ཞབས་ཞུ“སྤྱོད་གོ་ཆོད་པོ”ཡོང་བ་བྱེད་དགོས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《གཏན་འབེབས》ནང“རྒྱལ་ཁབ་ཀྱི་གཞི་གྲངས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་གཉེར་སྐྱོང་བྱས་ནས་གཞི་གྲངས་མཉམ་སྤྱོད་ལ་སྐུལ་འདེད་གཏོང་དགོས”ཞེས་བཏོན་ཡོད།

འདབ་ལོ་རེ་རེས་སེམས་ཀྱི་དུང་བ་འདྲེན། 2013ལོའི་ཟླ་8ཚེས་29ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལེའོ་ཉིང་ཏ་ལེན་མཐོ་གསར་ལག་རྩལ་ཐོན་ལས་གླིང་དུ་རྟོག་ཞིབ་གནང་བར་ཕེབས། རྒྱང་བསྟེན་སྨན་བཅོས་དོ་དམ་མ་ལག་གི་འཆར་ཤེལ་གྱི་མདུན་དུ། སྨན་བཅོས་སྒྲིག་གཞི་1000ལྷག་ཙམ་གྱིས་མ་ལག་དེ་སྤྱོད་བཞིན་ཡོད་པ་གསན་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཐུགས་ཧ་ཅང་མཉེས་པོ་བྱུང་སྟེ། “སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཐད་ཆ་འཕྲིན་ཅན་གྱི་ལག་རྩལ་སྤྱད་ན་སྟག་ལ་གཤོག་ཟུང་བསྒར་བ་ལྟ་བུ་རེད། སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་ཆ་འཕྲིན་ཅན་ལ་བརྟེན་ནས་མང་ཚོགས་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་དགོས”ཞེས་གསུངས།

མིག་སྔར། རྒྱལ་ཁབ་ཀྱི་རྒྱང་བསྟེན་སྨན་བཅོས་ཞབས་ཞུའི་ལས་སྟེགས་དེ་ས་ཁུལ་དང་གྲོང་ཁྱེར་རིམ་པ་100%ལ་ཁྱབ་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དྲ་སྦྲེལ་གྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། ‘དྲ་སྦྲེལ+སློབ་གསོ’དང་། ‘དྲ་སྦྲེལ+སྨན་བཅོས’‘དྲ་སྦྲེལ+རིག་གནས’”སོགས་ལག་བསྟར་བྱས་ཏེ། གཞི་རྩའི་སྤྱི་པའི་ཞབས་ཞུ་དོ་སྙོམས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས”དང་། “དམངས་འཚོའི་ཞབས་ཞུར་ཤུགས་སྣོན་བརྒྱབ་ནས་དམངས་འཚོའི་ཞན་ཆ་སེལ་བ་དང་། སློབ་གསོ་དང་། ལས་ཞུགས། སྤྱི་ཚོགས་འགན་སྲུང་། སྨན་བཅོས་འཕྲོད་བསྟེན། སྡོད་ཁང་། འགྲིམ་འགྲུལ་སོགས་ཁྱབ་ཁོངས་ཀྱི་གཞི་གྲངས་ཆེན་པོ་ཁྱབ་གདལ་བེད་སྤྱོད་ལ་སྐུལ་འདེད་གཏོང་དགོས”ཞེས་གསུངས་ཡོད།

འགག་གནད་སེལ་བ་དང་། ལམ་སྲོལ་གྱི་དཀའ་གནད་སེལ་བ། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་བཅས་བྱས་པས། ཉེ་བའི་ལོ་ཤས་རིང་མང་ཚོགས་དེ་བས་མང་བ་ཞིག་ལ་དེ་བས་སྤུས་ལེགས་ཀྱི་ཆ་འཕྲིན་ཞབས་ཞུ་ལོངས་སྤྱོད་ཐུབ་ཡོད།

“ཏི”ཞེས་བཤེར་ཙམ་བྱས་པས་རྩིས་བརྒྱབ་ཚར་སོང་། ཀྲེ་ཅང་ནས་ཡོང་བའི་ནད་པ་ཞིག་གིས་པེ་ཅིང་གི་སྨན་ཁང་ཞིག་ཏུ་ལག་ཐོགས་ཁ་པར་བླངས་ནས“སྨན་བཅོས་འགན་བཅོལ་གློག་རྡུལ་དཔང་ཡིག”ཕྱེ་ནས་སྨན་རིན་རྩིས་བརྒྱབ་པ་རེད། ཉེ་བའི་ལོ་ཤས་རིང་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཚོགས་འགན་སྲུང་གཱ་ས་ཁོངས་ཀྱི“གཱ་གཅིག་ཀུན་འཐུས”དང་རྒྱལ་ཡོངས་ཀྱི“གཱ་གཅིག་ཀུན་འཐུས”ལ་སྐུལ་འདེད་མགྱོགས་སུ་བཏང་བས་གྲངས་འཛིན་ཅན་གྱི་བཀོལ་སྤྱོད་རྣམ་པ་རྒྱུན་ཆད་མེད་པར་མང་དུ་ཕྱིན་ཡོད།

བརྙན་འཕྲིན་ཁ་ཕྱེ་ཚེ་ཚང་མ་རང་ཉིད་ལྟ་འདོད་པའི་ལེ་ཚན་རེད། དེ་གོང་བརྙན་འཕྲིན་ལྟ་སྐབས་སུན་པོ་བཟོ་བའི་བརྡ་ཁྱབ་དང“ཚོགས་མིའི་ཐོ་འགོད”ལ་བཅོས་སྐྱོང་ནུས་ལྡན་བྱས་ཡོད། བརྙན་འཕྲིན་གྱི་གྲོན་བསྡུ་བཅོས་སྒྲིག་བྱས་ནས་འདི་ལོའི་ཟླ་9པའི་བར་རྒྱལ་ཡོངས་ཀྱི་སྐུད་ཡོད་བརྙན་འཕྲིན་དང་IPTVསྤྱོད་མཁན་བརྒྱ་ཆ་བརྒྱད་ཅུ་ལྷག་ཙམ་གྱིས་བརྙན་འཕྲིན་ཁ་ཕྱེ་ནས་ཐད་ཀར་ཐད་གཏོང་ལྟ་ཆོག་གི་ཡོད།

ཇི་ལྟར་བྱས་ནས་བེད་སྤྱོད་མ་གནས་ཇེ་དམའ་རུ་གཏོང་བ་དང་གྲངས་འཛིན་ཧེ་བག་ཇེ་ཆུང་དུ་བཏང་སྟེ། རྒྱ་ཆེའི་མང་ཚོགས་དང་ལྷག་པར་དུ་གྲོང་གསེབ་དང་ཐག་རིང་ས་ཁུལ་གྱི་མང་ཚོགས་ཀྱིས་ཆ་འཕྲིན་ཞབས་ཞུ་སྤྱོད་ཐུབ་པར་བྱེད་དགོས་སམ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དོན་དེ་ཐོག་མཐའ་བར་གསུམ་དུ་ཐུགས་ལ་བཅངས་ཡོད།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཞིང་ལས་དང་གྲོང་གསེབ་གྲངས་འཛིན་ཅན་དང་། དྲ་རྒྱ་ཅན།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) རིག་ནུས་ཅན་བཅས་ཀྱི་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་རྒྱུན་ཆད་མེད་པར་ཕྱིན་པ་དང་། དྲ་སྦྲེལ་གྱི་ཀུན་ཕན་བསྟུན་མཁས་འཕེལ་རྒྱས་བྱུང་བ་ལས། གྲོང་གསེབ་དང་ཐག་རིང་ས་ཁུལ་གྱི་མི་དམངས་མང་ཚོགས་ལ་མཛེས་སྡུག་ལྡན་པའི་གྲངས་འཛིན་འཚོ་བ་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད། ད་ལོའི་ཟླ་6པའི་བར། གྲོང་གསེབ་ཀྱི་དྲ་དམངས་ཀྱི་གཞི་ཁྱོན་དུང་ཕྱུར་3.04ཟིན་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲངས་འཛིན་ཧེ་བག་གང་མགྱོགས་གསབ་པ་དང་། སྲིད་འཛིན་གྲོང་ཚོར་དྲ་ཆེན་འབྲེལ་མཐུད་ཐུབ་ཚད་100%ཟིན་པ་སོགས་བྱུང་ཡོད།

བསྡོམས་རྩིས་བརྒྱབ་པར་གཞིགས་ན། ད་ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར། རང་རྒྱལ་གྱི་གྲོང་གསེབ་ཀྱི་དྲ་རྒྱའི་སིལ་ཚོང་གྲངས་འབོར་དུས་མཚུངས་ལས་8.3%འཕར་ཡོད།

མི་སེར་ཉུང་ཙམ་རྒྱུག་པ་དང་ཆ་འཕྲིན་མང་ཙམ་སྤེལ་རེས་བྱས་ཚེ་བྱ་བ་སྒྲུབ་པར་སྟབས་བདེ་ཡོང་ཐུབ། མང་ཚོགས་ཀྱིས་ད་དུང་ཆ་འཕྲིན་ཞབས་ཞུ“ཡག་པོ་སྤྱོད་ཐུབ་པར་བྱེད་དགོས”

2019ལོའི་ཟླ་1ཚེས་16ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧོ་པེ་ཞུང་ཨན་ཁུལ་གསར་སྲིད་དོན་ཞབས་ཞུའི་ལྟེ་གནས་སུ་རྟོག་ཞིབ་གནང་བར་ཕེབས་ཤིང་། སྤྱི་ཁྱབ་ཧྲུའུ་ཅིས། “སྲིད་དོན་ཞབས་ཞུ་ཆ་འཕྲིན་ཅན་དང་། རིག་ནུས་ཅན། གནད་སྨིན་ཅན། སྟབས་བདེ་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་བཏང་ནས། མང་ཚོགས་ཕར་རྒྱུག་ཚུར་རྒྱུག་མང་པོ་བྱེད་དུ་འཇུག་མི་རུང”ཞེས་གསུངས་ཡོད།

ཆ་འཕྲིན་ཅན་གྱི་ཐབས་ལམ་ལ་བརྟེན་ནས་སྲིད་དོན་ཞབས་ཞུའི་ལས་ཆོད་ཆེ་རུ་བཏང་ཞིང་། ལས་ཀ་ཙག་ཙིག་རེ་རེ་ཡང་མང་ཚོགས་མང་པོའི་རེ་སྒུག་དང་འབྲེལ་བ་དམ་ཟབ་ཡོད།

“གློག་རྡུལ་སྲིད་དོན་ལ་སྐུལ་སྤེལ་མགྱོགས་པོ་བཏང་ནས་རིམ་ཁག་སྲིད་གཞུང་སྡེ་ཚན་ལ་ལྕག་སྐུལ་བྱས་ཏེ། ཆ་འཕྲིན་གྱི་བཙན་རྫོང་གཏོར་བ་དང་ཞབས་ཞུའི་ལས་ཆོད་ཆེ་རུ་གཏོང་དགོས”

“དྲ་སྦྲེལ་གྱི་ལེགས་ཆ་སྤྱོད་མཁས་པོ་བྱས་ཏེ། མཉམ་འདྲེས་དང་། མཉམ་སྤྱོད། དམངས་ཕན། བདེ་འཇགས་བཅས་ལ་ཤུགས་སྣོན་ཧུར་ཐག་རྒྱག་དགོས”

“‘སྲིད་དོན་ཞབས་ཞུའི་དྲ་གཅིག་ཀུན་སྒྲུབ’ལ་དམ་འཛིན་བྱེད་དགོས”

……

ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། སྲིད་དོན་ཞབས་ཞུ་སྔར་བས་སྟབས་བདེ་ཡོང་བར་བྱས་ཡོད།

ད་ཆ་རྒྱལ་ཡོངས་ཀྱི་གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཞུ་ལས་སྟེགས་ཀྱི་ཐོ་འགོད་སྤྱོད་མཁན་དུང་ཕྱུར་10ལས་བརྒལ་ཞིང་། “མང་ཤོས་ལ་ཐེངས་གཅིག་ལས་འགྲོ་མི་དགོས་པ”དང“དྲ་གཅིག་ཀུན་སྒྲུབ”མངོན་འགྱུར་བྱུང་སྟེ། རང་རྒྱལ་གྱི་90%ཡན་གྱི་སྲིད་དོན་ཞབས་ཞུ་དྲ་ཐོག་ནས་སྒྲུབ་ཆོག་གི་ཡོད།

ཆ་འཕྲིན་དུས་རབས་ནས་གསོན་ཤུགས་རབ་ཏུ་འཕེལ། གྲངས་འཛིན་སྤྱི་ཚོགས་ནས་སྐྱེ་སྟོབས་ཀྱི་དཔལ་འབར།

རྒྱང་ལམ་གསར་པར་ཕན་ནུས་རྒྱ་ཁྱབ་དང་། རིག་ལྡན་སྟབས་བདེ། དྲང་གཞག་ཀུན་ཕན་བཅས་ཀྱི་གྲངས་འཛིན་ཅན་གྱི་ཞབས་ཞུའི་མ་ལག་ཧུར་ཐག་བཏོད་ན། ཆ་འཕྲིན་ཅན་གྱི་འཕེལ་རྒྱས་ལས་མི་དམངས་མང་ཚོགས་ལ་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་དེ་བས་ཆེ་བ་ཡོང་ངེས་རེད། (གནམ་ཕྱུག་རྒྱལ་དང་པ་ཕན་གྱིས་སྒྱུར་ཞུས་བྱས)