《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月26日

འདི་ལོའི་ཟླ་དང་པོ་ནས་11པའི་བར་ཀྲུང་དབྱང་ཁེ་ལས་ཀྱིས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ལ་མ་འཇོག་སྒོར་དུང་ཕྱུར་ཁྲི་2བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་24ཉིན་གློག་འཕྲིན་འབྱོར་གསལ། འདི་ལོ་ཚུན་དུ། ཀྲུང་དབྱང་ཁེ་ལས་ཀྱིས་དངོས་ཚན་དཔལ་འབྱོར་བརྟན་སྲུང་བྱས་ནས་གསར་དར་ཐོན་ལས་བཀོད་སྒྲིག་བྱེད་མགྱོགས་སུ་བཏང་སྟེ། ཟླ་དང་པོ་ནས་11པའི་བར། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ལ་མ་འཇོག་སྒོར་དུང་ཕྱུར་ཁྲི་2བྱས་པ་དེ་དུས་མཚུངས་ལས་18.7%འཕར་ནས་མ་འཇོག་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་ཐེངས་དང་པོར་40%ལས་བརྒལ་ཡོད་པ་རེད།

ཟླ་12ཚེས་23དང་24ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱིས་པེ་ཅིང་དུ་ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁུར་བའི་ཚོགས་འདུ་འཚོགས་པ་རེད།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

ད་ལོ་ནས་བཟུང་། ཀྲུང་དབྱང་ཁེ་ལས་ཀྱི་དཔལ་འབྱོར་ཕན་འབྲས་སྤྱི་ཡོངས་ནས་བརྟན་པ་དང་འཁོར་རྒྱུག་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། ཟླ་དང་པོ་ནས་11པའི་བར་ཀྲུང་དབྱང་ཁེ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར་ཁྲི་9.3མངོན་འགྱུར་བྱུང་བ་དང་། གཏན་འཇགས་རྒྱུ་ནོར(ས་ཁང་བདག་ཁོངས་ཚུད་པ)ལ་མ་འཇོག་སྒོར་དུང་ཕྱུར་4.2བྱས་པ་དེ་དུས་མཚུངས་ལས་2.2%འཕར་ནས་དུས་ཚིགས་བཞི་པར་མ་འཇོག་བརྟན་དུ་གཏོང་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། ལོ་རེའི་ལས་མི་ཡོངས་ཀྱི་ངལ་རྩོལ་ཐོན་སྐྱེད་ཀྱི་ལས་ཆོད་དུས་མཚུངས་ལས་3%འཕར་བ་དང་ཞིབ་འཇུག་གསར་སྤེལ་གྱི་གྲོན་དངུལ་གཏོང་ཚད་2.6%ཟིན་ནས་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.1འཕར་ཡོད།

2024ལོ་ནི་གཞུང་ཁོངས་ཁེ་ལས་སྒྱུར་བཅོས་ཟབ་གཏོང་དང་མཐོར་གཏོང་བྱ་སྤྱོད་ལག་བསྟར་བྱེད་པའི་འགག་རྩའི་ལོ་དང་འགག་སྒྲོལ་གྱི་ལོ་རེད། ཚོགས་འདུའི་ཐོག་གི་ཆ་འཕྲིན་ལས་མངོན་པར། གཞུང་ཁོངས་རྒྱུ་ནོར་ཀྲུང་དབྱང་ཁེ་ལས་ཀྱིས་གཙོ་གནད་སྒྱུར་བཅོས་ལས་འགན་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་བས། ཟླ་11པའི་ཟླ་མཇུག་བར་གཞུང་ཁོངས་ཁེ་ལས་ཀྱི་སྒྱུར་བཅོས་ཟབ་གཏོང་དང་མཐོར་གཏོང་བྱ་སྤྱོད་ཀྱི་ལས་འགན་གཙོ་བོ་ཆ་སྙོམས་ལེགས་སྒྲུབ་བྱེད་ཚད་70%ལྷག་ཙམ་ཟིན་ཡོད་པ་རེད།

“2024ལོར་གཞུང་ཁོངས་རྒྱུ་ནོར་ཀྲུང་དབྱང་ཁེ་ལས་ཀྱི་ལས་དོན་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་དང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད” རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ཁོངས་རྒྱུ་ནོར་ལྟ་འདོམས་ཨུ་ལྷན་གྱི་ཀྲུའུ་རེན་ཀྲང་ཡུས་ཀྲུའོ་ཡིས་ཚོགས་འདུའི་ཐོག ལོ་གསར་པར་གཞུང་ཁོངས་རྒྱུ་ནོར་ཀྲུང་དབྱང་ཁེ་ལས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་དོན་གཙོ་བོར་དམིགས་པ་དང་། ལྟེ་བའི་ནུས་པ་དང་ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུར་དམིགས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བ་དང་། གསར་གཏོད་ལ་ཤུགས་སྣོན་རྒྱག་པ། གྲུབ་ཆ་ལེགས་སུ་གཏོང་བ། ནུས་ཤུགས་ཡོད་རྒུས་ཉེན་ཁ་དང་འགྲན་སློང་གལ་ཆེན་སྔོན་འགོག་དང་སེལ་བ། གཞུང་ཁོངས་མ་རྩ་དང་གཞུང་ཁོངས་ཁེ་ལས་རྒྱ་སྟོབས་ཆེ་རུ་དང་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་རྒྱུན་མཐུད་གཏོང་བ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་ཚད་དང་ལས་འགན་སྤུས་ཚད་མཐོན་པོས་ལེགས་སྒྲུབ་བཅས་བྱས་ནས “ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་རྒྱུར་རྨང་གཞི་བརྟན་པོ་འདིང་གི་ཡིན་ཞེས་བཤད་པ་རེད།

(སྐལ་མཆོག་གིས་བསྒྱུར། དབང་སྒྲོན་སྐྱིད་ཀྱིས་ཞུས)