《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月25日

ཟླ་དང་པོ་ནས་བཅུ་གཅིག་པའི་བར།

མཚོ་སྔོན་གྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ལོ་གོང་མའི་དུས་མཚུངས་ལས་22.1%འཕར་བ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚཌ་པར་ཐོག་གནས་ཚུལ་སྤེལ་བར་གཞིཌ་ན། ཉེ་ཆར། ཟི་ལིང་འགག་སྒོ་ལས་ཁུངས་ཀྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། ཟླ་དང་པོ་ནས་བཅུ་གཅིག་པའི་བར་མཚོ་སྔོན་ཞིང་ཆེན་གྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་དུང་ཕྱུར་51.9ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས(གཤམ་དུ་གཅིག་མཚུངས)22.1%(རྒྱལ་ཡོངས་ཀྱི་འཕར་ཚད་4.9%ཡིན་པ)འཕར་བ་དང་ཟླ་དང་པོ་ནས་བཅུ་པའི་བར་ལས་བརྒྱ་ཆའི་གྲངས་9.1འཕར་ཡོད་པ་རེད། ཕྱི་ཕྱོགས་ཚོང་དོན་འཕར་ཚད་ནས་བལྟས་ན། ཟླ་དང་པོ་ནས་བཅུ་གཅིག་པའི་བར་མཚོ་སྔོན་ཞིང་ཆེན་གྱི་ཕྱི་ཕྱོགས་ཚོང་དོན་འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་ནས་ཟླ་དང་པོ་ནས་བཅུ་པའི་བར་གྱི་འཕར་ཚད་ལས་ཨང་3འཕར་ཡོད་པ་རེད། ཟླ་དང་པོ་ནས་བདུན་པའི་བར་ཞིང་ཆེན་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ལོ་འདིའི་ནང་ཐོག་མར་དངོས་སུ་འཕར་རྗེས་ཕྱིར་གཏོང་ནང་འདྲེན་བྱེད་ཚད་མུ་མཐུད་མཐོ་རུ་ཕྱིན་ཏེ་ཟླ་བདུན་པ་དང་། བརྒྱད་པ། དགུ་པ། བཅུ་པ། བཅུ་གཅིག་བཅས་ཀྱི་ཟླ་རེའི་འཕར་ཚད་1%དང་། 5.2%、6.7%、13% 22.1%བཅས་སོ་སོར་ཟིན་ནས་ཟླ་ལྔ་བསྟུད་མར་དངོས་སུ་འཕར་བ་མ་ཟད། ཟླ་རེ་བཞིན་འཕར་ཚད་མཐོ་རུ་འགྲོ་ཐུབ་པ་བྱུང་ཡོད། ཟླ་11པར་ཞིང་ཆེན་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་10.2ཟིན་ནས་2017ལོ་ཚུན་གྱི་ཟླ་བ་གཅིག་གི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་མཐོ་ཤོས་བཏོད་ཡོད་པ་རེད།

ཕྱི་ཕྱོགས་ཉོ་ཚོང་གི་གཉེར་སྐྱོང་བྱེད་པོ་འཕར་ཚད་མཐོ་རུ་ཕྱིན་པ་དང་དམངས་གཉེར་ཁེ་ལས་གཙོ་བོར་གྱུར་ཡོད། ཟླ་དང་པོ་ནས་བཅུ་གཅིག་པའི་བར་ཞིང་ཆེན་ཡོངས་སུ་ཕྱིར་གཏོང་ནང་འདྲེན་གྱི་གྲངས་གཞི་ཐོ་འགོད་བྱས་པའི་ཁེ་ལས་ཁྱོན་212ཡོད་པ་དེ་ན་ནིང་གི་དུས་མཚུངས་ལས་15.8%འཕར་ནས་ཁེ་ལས་29དངོས་སུ་འཕར་ཡོད། དེའི་ནང་དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་41ཟིན་ནས་75.7%འཕར་བ་དེས་ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་སྤྱིའི་རིན་ཐང་གི(གཤམ་དུ་གཅིག་མཚུངས)79%བཟུང་བ་དང་བཟུང་ཚད་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་24.1འཕར་ཡོད་པ་རེད། ཟླ་དང་པོ་ནས་བཅུ་གཅིག་པའི་བར་མཚོ་སྔོན་ཞིང་ཆེན་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་37.6ཟིན་པ་དེས་72.4%བཟུང་ནས་32%འཕར་ཡོད་པ་རེད། དུས་མཚུངས་སུ་མཚོ་སྔོན་ཞིང་ཆེན་གྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་14.3ཟིན་ནས་49.9%འཕར་བ་དང་། ཡོ་རོབ་མནའ་འབྲེལ་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་9.7ཟིན་ནས་75.4%འཕར་ཡོད་པ་རེད། གཞན་ཡང་RCEPཡི་ཁོངས་མིའི་རྒྱལ་ཁབ་གཞན་དག་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་19.5ཟིན་ནས་21.5%འཕར་ཡོད་པ་རེད། རྒྱལ་ཁབ་རྐྱང་པའི་ཐོག་ནས་བལྟས་ན། མ་ལེ་ཞི་ཡ་དང་། ཧང་ག་རི། ཐེ་ལན། ཨུ་རུ་སུ། ཧན་གོ་བཅས་ནི་མཚོ་སྔོན་གྱི་ཚོང་དོན་རོགས་ཟླ་ཨང་དང་པོ་ནས་ལྔ་པ་བར་གྱི་རྒྱལ་ཁབ་ཡིན་པ་དང་གོང་གསལ་རྒྱལ་ཁབ་ལྔའི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་་སྒོར་དུང་ཕྱུར་7.1དང་། སྒོར་དུང་ཕྱུར་5.2 སྒོར་དུང་ཕྱུར་4.4 སྒོར་དུང་ཕྱུར་3.3 སྒོར་དུང་ཕྱུར་2.6བཅས་སོ་སོར་ཟིན་ནས་ལྡབ་1.1དང་། ལྡབ་47.4 ལྡབ་2.6 ལྡབ་10.2 14.3%བཅས་སོ་སོར་འཕར་ཡོད་པ་རེད།

ཤེལ་མང་ཀུལ་དང་ཞིང་ལས་ཐོན་རྫས་སོགས་ཕྱིར་གཏོང་བྱེད་ཚད་མགྱོགས་མྱུར་འཕར་ནས“ཐོན་རྫས་གསར་པ་གསུམ”དང“ཐོན་རྫས་རྙིང་པ་གསུམ”གྱི་ཕྱིར་གཏོང་བསྡུར་ཚད་བཅུ་ཆ་གཉིས་ཙམ་ཟིན་ཡོད་པ་རེད། ཟླ་དང་པོ་ནས་བཅུ་གཅིག་པའི་བར་ཞིང་ཆེན་ཡོངས་ཀྱིས་ཤེལ་མང་ཀུལ་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་5.9ཟིན་ནས་ལྡབ་158.4འཕར་ཡོད་པ་རེད། ཞིང་ལས་ཐོན་རྫས་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་5.5ཟིན་ནས་ལྡབ་1.8འཕར་བའི་ནང་ཉ་ནག་འཁྱག་མ་དང་ཉ་ནག་འཁྱག་ལྷེབ་སོགས་ཆུ་ཐོན་དངོས་རིགས་ཀྱི་རིན་གོང་སྒོར་དུང་ཕྱུར་2.8ཟིན་ནས་ལྡབ་11.9འཕར་བ་དང་། དབྱར་རྩྭ་དགུན་འབུའི་རིན་གོང་སྒོར་དུང་ཕྱུར་1.9ཟིན་ནས་63.6%འཕར་བ། ཤིང་མངར་གྱི་ཁུ་བ་དང་སྦངས་བཟོས་ཁཎྜ་ཡི་རིན་གོང་སྒོར་ཁྲི་1740ཟིན་ནས་67.7%འཕར་བ། འདྲེ་ཚེར་མའི་རིན་གོང་སྒོར་ཁྲི་1487.8ཟིན་ནས་9%འཕར་བ། སྔོ་ཚལ་དང་བཟའ་བྱའི་ཤ་མོའི་རིན་གོང་སྒོར་ཁྲི་1329ཟིན་ནས་ལྡབ་3.1འཕར་ཡོད་པ་རེད།

“ཐོན་རྫས་གསར་པ་གསུམ”ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་6.2ཟིན་ནས་ལྡབ་1.7འཕར་བའི་ནང་ལིས་གྱེས་རྡུལ་གློག་རྫས་ཀྱི་རིན་གོང་སྒོར་དུང་ཕྱུར་4.7ཟིན་ནས་ལྡབ་87.8འཕར་བ་དང“ཐོན་རྫས་རྙིང་པ་གསུམ”ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་1ཟིན་ནས་48.2%འཕར་བའི་ནང་། ལག་ཐོགས་ཁ་པར་ཕྱིར་གཏོང་བྱེད་ཚད་སྒོར་ཁྲི་8201ཟིན་ནས་60.7%འཕར་ཡོད་པ་རེད།

ཞིང་ལས་ཐོན་རྫས་དང་ཤེལ་མང་ཀུལ་སོགས་ནང་འདྲེན་ཚོང་ཟོག་གཙོ་བོ་མང་དུ་ཕྱིན་ཡོད། ཟླ་དང་པོ་ནས་བཅུ་གཅིག་པའི་བར་མཚོ་སྔོན་ཞིང་ཆེན་གྱིས་ཞིང་ལས་ཐོན་རྫས་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་2.8ཟིན་ནས་32.4%འཕར་བའི་ནང་། ཚགས་ཤ་དང་དེ་བཞིན་ནང་ཆ་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་1.4ཟིན་ནས་57%འཕར་བ་དང་། བཟའ་བྱའི་ཆུའི་ཐོན་རྫས་ནང་འདྲེན་བྱེད་ཚད་སྒོར་ཁྲི་7699.1ཟིན་ནས་ལྡབ་2.1འཕར་བ། བཟའ་སྣུམ་ནང་འདྲེན་བྱེད་ཚད་སྒོར་ཁྲི་578.2ཟིན་ནས་ལྡབ་6འཕར་ཡོད་པ་རེད། (བདེ་སྐྱིད་ཀྱིས་བསྒྱུར། སྐལ་མཆོག་གིས་ཞུས)