《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2024年12月25日

ལོ་སིར་ཆ་འཕྲིན་འཕྲིན་གཏོང་ལག་རྩལ་གྱི་ཤེས་ལྡན་པ་གསོ་སྐྱོང་བྱེད་རོགས་བྱས་པ།

འདི་ག་ཚགས་པར་གྱི་གསར་འགོད་པ། སུན་ཀོང་ཡུང་།

ཀྲུང་གོས་ལོ་སིར་རོགས་སྐྱོར་བྱས་པའི་སྦྲག་ཏར་ལག་རྩལ་སློབ་གླིང་གི་རྣམ་གྲངས་ནི་ཀྲུང་གོས་ལོ་སིར་རོགས་སྐྱོར་བྱས་པའི“སློབ་གྲྭ་བཅུའི”རྣམ་གྲངས་ཀྱི་གྲས་ཤིག་ཡིན་པ་དང་དེ་ནི་ཀྲུང་ལོ་རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་མཉམ་ལས་ཀྱི་བསྡུས་རིས་ཤིག་རེད། རྣམ་གྲངས་དེ་ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་ཚོགས་པ་ཚད་ཡོད་ཀུང་སིས་སྐྲུན་འགན་འཁུར་བ་ཞིག་ཡིན་པ་དང་། སྤྱིའི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་5500ཙམ་ཡོད་པའི་ནང་སློབ་ཁྲིད་ཐོག་ཁང་སྟར་པ་1དང་། སྒྲིག་ཆས་ཁང་སྟར་པ་1ཚུད་ཡོད་པ་དེ་འདི་ལོའི་ཟླ་5པར་སྐྲུན་ཟིན་ནས་རྩིས་སྤྲད་པ་རེད།

ལོ་སིའི་ལག་རྩལ་དང་འཕྲིན་གཏོང་པུའི་པུའུ་ཀྲང་པཱོ་དབན་ཁན་གྱིས། ལོ་སི་སྲིད་གཞུང་གིས་སྤྱི་ཚོགས་དང་དཔལ་འབྱོར་འཕེལ་རྒྱས་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ལ་མཐོང་ཆེན་བྱས་ནས་ཆ་འཕྲིན་འཕྲིན་གཏོང་ལག་རྩལ་གསོ་སྦྱོང་མ་ལག་བཙུགས་པ་དེ་ནི་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེ་བ་ཞིག་རེད། ཀྲུང་གོས་ལོ་སིའི་སྦྲག་ཏར་ལག་རྩལ་སློབ་གླིང་ལ་རོགས་སྐྱོར་བྱེད་པའི་རྣམ་གྲངས་ཀྱིས་རང་ཡུལ་གྱི་དགོས་མཁོ་ཆེ་བའི་ཆ་འཕྲིན་འཕྲིན་གཏོང་ལག་རྩལ་གྱི་ཤེས་ལྡན་པ་གསོ་སྐྱོང་བྱེད་པར་ས་ཆ་དང་སྒྲིག་ཆས་སྤུས་ལེགས་མཁོ་འདོན་བྱས་པ་དེ་ཐོག་ནས་ལོ་ཀྲུང་རྒྱལ་ཁབ་གཉིས་པོས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་གྲུབ་འབྲས་མངོན་པ་མ་ཟད། ལོ་སིའི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་རོགས་སྐྱོར་དང་ལོ་སིར་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་རྒྱུ་རེད་ཅེས་བརྗོད།

ལོ་སིའི་སྦྲག་ཏར་ལག་རྩལ་སློབ་གླིང་གི་ཡོན་ཀྲང་ཕན་ཏ་མུའུ་སའེ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པར། ཀྲུང་གོ་ཕྱོགས་ཀྱི་རོགས་རམ་འོག་སློབ་གླིང་ལ་སློབ་ཁྲིད་ཐོག་ཁང་གསར་རྐྱང་ཡོད་པ་མ་ཟད། ད་དུང་ཆ་འཕྲིན་འཕྲིན་གཏོང་ལག་རྩལ་གྱི་ཆེད་ལས་ཀྱང་མང་དུ་བཏང་བས་འབྲེལ་ཡོད་ལས་རིགས་ཀྱི་ཤེས་ལྡན་པ་གསོ་སྐྱོང་མ་ལག་འཛུགས་རྒྱུར་ཕན་ཐོགས་ཡོད། “ང་ཚོ་ནི་ལོ་སིར་དེང་རབས་འཕྲིན་གཏོང་ལག་རྩལ་ཆེད་ལས་བཙུགས་པའི་མཐོ་རིམ་སློབ་གླིང་དང་པོ་དེ་ཡིན”ཞེས་བརྗོད། ཕན་ཏ་མུའུ་སའེ་ཡིས་ཆེད་ལས་དེར་འབྲེལ་ཡོད་སློབ་ཚན་མང་ལ་ནང་དོན་ཁྱབ་རྒྱ་ཆེ་བ་དང་། ལག་རྩལ་གྱི་རིགས་པའི་གཞུང་ལུགས་དང་ཉེར་སྤྱོད་དོ་དམ་གལ་ཆེ་མཉམ་དུ་འཛིན་པ། སློབ་མའི་ཕྱོགས་མང་པོའི་ནུས་པ་གསོ་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་གི་ཡོད་པས་སློབ་གླིང་འདི་ཉིད་འབྱུང་འགྱུར་ལོ་སིའི་ཆ་འཕྲིན་འཕྲིན་གཏོང་ལག་རྩལ་གྱི་ཤེས་ལྡན་པའི་རྟེན་གཞིར་འགྱུར་རྒྱུ་རེད་ཅེས་བརྗོད་པ་རེད།

ཉེ་བའི་ལོ་ཤས་རིང་ཀྲུང་ལོའི་གྲངས་འཛིན་ཁྱབ་ཁོངས་ཀྱི་མཉམ་ལས་ཡར་ངོའི་ཟླ་བཞིན་འཕེལ་རྒྱས་ཕྱིན་ཡོད། ན་ནིང་ལོ་མཇུག་ཏུ་ཀྲུང་ལོའི་དབར《གྲངས་འཛིན་དཔལ་འབྱོར་མཉམ་ལས་ཀྱི་བསམ་ཤེས་དྲན་ཐོར》མིང་རྟགས་བཀོད་དེ་ཕྱོགས་གཉིས་པོས་གྲངས་འཛིན་དཔལ་འབྱོར་གྱི་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། གྲངས་འཛིན་ལག་རྩལ་གསར་གཏོད་དང་བཀོལ་སྤྱོད་ལ་སྐུལ་འདེད་གཏོང་བ། སྲོལ་རྒྱུན་ཐོན་ལས་གྲངས་འཛིན་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་པའི་མོས་མཐུན་བྱས་ཡོད། འདི་ལོའི་ཟླ་7པར་ཕྱོགས་གཉིས་པོས《རྒྱལ་ཁབ་ཀྱི་གྲངས་འཛིན་རྨང་གཞིའི་སྒྲིག་བཀོད་མཉམ་ལས་སྐོར་གྱི་བསམ་ཤེས་དྲན་ཐོར》མིང་རྟགས་བཀོད་པ་རེད།

“ཆ་འཕྲིན་འཕྲིན་གཏོང་ལག་རྩལ་ཁྱབ་ཁོངས་སུ་ལོ་ཀྲུང་དབར་སྤེལ་རེས་མཉམ་ལས་ཀྱིས་ལོ་སིའི་དེང་རབས་ཅན་འཕེལ་རྒྱས་ལ་ཕན་ཡོད་ཀྱི་ཆ་རྐྱེན་གཏོད་རྒྱུ་རེད”ཅེས་དང་། པཱོ་དབན་ཁན་གྱིས། ལོ་སིས་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྒྲོམ་གཞིའི་འོག་ཀྲུང་གོ་དང་མུ་མཐུད་གཉིས་ཕན་མཉམ་ལས་བྱས་ཏེ་གྲངས་འཛིན་ལག་རྩལ་ཞིང་ལས་དང་། ནུས་རྒྱུ། བཟོ་སྐྲུན་ལས་རིགས་སོགས་ཁྱབ་ཁོངས་སུ་སྤྱོད་ཤུགས་ཆེ་རུ་བཏང་ནས། རྒྱལ་ཁབ་གཉིས་པོའི་དབར་གྲངས་འཛིན་ཚན་རྩལ་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་གཏིང་ཤུགས་སྔོག་འདོན་བྱ་རྒྱུ་རེད་ཅེས་བརྗོད་པ་རེད། (བདེ་སྐྱིད་དང་པ་སངས་སྒྲོན་ལགས་ཀྱིས་སྒྱུར་ཞུས་བྱས)